རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཆེད་ཞུ་སྐུལ།
2011.05.09
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་འབོད་གནང་བ་བཞིན་ཕིརན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་བསྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱིས་ཕིརན་སི་ཕྱི་སྲིད་བློན་ཆེན་དང་རྒྱལ་ས་པི་རིས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལ་དལྟའི་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་སྐོར་ཞུ་བསྐུལ་ཤུགས་ཆེ་གནང་ཡོད་པ་རེད་ ཕེརན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་བསྐྱོར་ཚོགས་པའི་འཐུས་མི་རྣམ་པའི་འབོད་བསྐུལ་གྱི་ཞུ་ཡིག་དེའི་ནང་རྔ་པ་ཀིརྟི་་དགོན་པའི་གནས་སྟངས་ཏེ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་གི་ཡོད་པའི་སྐོར་བཀོད་གནང་ཡོད་པ་རེད་ ཕིརན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལིའོ་ནེལ་ལུ་ཁ་ཡིས་ཕིརན་སི་ཕྱི་སྲིད་བློན་ཆེན་ཨེ་ལེན་ཇུ་པེ་མཆོག་ལ་ཕྱི་ཚེས་༣འཁོད་པའི་ཕྱག་བྲིས་ཤིག་ཕུལ་བ་དེའི་ནང་ང་ཚོའི་རྒྱལ་ཁབ་ཀྱིས་བོད་ཀྱི་རྔ་པ་ཀིརྟི་་དགོན་པ་དང་དེའི་ཉེ་འཁྲིས་སུ་གནས་པའི་བོད་མི་རྣམས་ཀྱི་དལྟའི་གནས་སྟངས་ཐོག་དེ་མུར་བསྡད་ན་མི་འགྲིག་ངོས་ལ་ཕིརན་སི་གཞུང་གིས་དེའི་ཐོག་ལངས་ཕྱོགས་ཇི་ཡིན་གསལ་པོ་བཟོ་གནང་དགོས་ཞེས་གསུང་འདུག དེ་བཞིན་ཁོང་གིས་ཕིརན་སི་ཀྱི་རྒྱལ་ས་པེ་རིས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ཀོང་ཀང་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་རྔ་པ་ཀིརྟིདགོན་པའི་དགེ་འདུན་པ་ ༣༠༠ ཐམ་པའི་དལྟའི་གནས་སྟངས་སྐོར་འདྲི་རྩད་གནང་ཡོད་པ་རེད་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སྔོན་ཕྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་རྔ་པ་ཀིརྟི་་དགོན་པའི་དལྟའི་ཛ་དྲག་གི་གནས་སྟངས་དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་ཁག་གིས་རྒྱ་ནག་གཞུང་ལ་ཞུ་བསྐུལ་གནང་ནས་དེ་སེལ་ཐབས་ཐོག་རོགས་རམ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་