གྷེབ་གྱོན་ཆས་བཟོ་གྲྭས་བོད་རྒྱ་ཁོངས་སུ་མ་བཅུག་པར་རྒྱ་ནག་ལ་དགོངས་དག་ཞུས་འདུག


2018.05.15
གྷེབ(Gap)གྱོན་ཆས་ཚོང་ཁང་། གྷེབ(Gap)གྱོན་ཆས་ཚོང་ཁང་།
དྲ་བཤུས།

གྷེབ(Gap)གྱོན་ཆས་བཟོ་གྲྭས་རྒྱ་ནག་གི་ས་ཁྲར་རྒྱ་ནག་གི་ཁོངས་སུ་གཏོགས་པའི་མངའ་ཁུལ་ཁག་ཚང་མ་འདུས་མེད་པར་དགོངས་དག་ཞུས་ཡོད་འདུག
དེ་ཡང་ཉེ་སྔོན་རྒྱ་ནག་གི་དྲ་དམངས་ཀྱིས་ཨ་རིའི་གྷེབ་(Gap)གྱོན་ཆས་བཟོ་ལས་ཁང་གིས་རྒྱ་ནག་གི་ས་ཁྲའི་རི་མོ་ཞིག་བཏོན་པའི་ནང་དུ། ཐེ་ཝན་དང་བོད་ཀྱི་ལྷོ་ཕྱོགས། ལྷོ་རྒྱ་ནག་རྒྱ་མཚོ་སོགས་རྒྱ་ནག་གི་མངའ་ཁོངས་སུ་འདུས་པའི་ས་ཁུལ་སྐོར་ཞིག་འདུས་མེད་ཚུལ་བརྗོད་ཡོད་འདུག་ལ། སྤྱི་ཚེས་བཅོ་ལྔའི་ཉིན། རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱའི་སྟེང་དུ་གནས་ཚུལ་བཀོད་པ་ལྟར་ན། གྷེབ(Gap)ཚོང་ལས་སྡེ་ཁག་གིས་རྒྱ་ནག་གི་མངའ་ཁོངས་ཀྱི་བདག་དབང་ལ་བརྩི་བཀུར་དང་། ང་ཚོས་ཕྱི་ཕྱོགས་ཀྱི་ཚོང་ར་ཁ་ཤས་སུ་བཀྲམས་པའི་ས་ཁྲར་ནོར་འཁྲུལ་ཤོར་ཡོད་སྟབས་ཚོང་ལས་སྡེ་ཚན་གྱི་ངོས་ནས་དགོངས་དག་ཞུས་པ་མ་ཟད། རྒྱ་ནག་གི་ཚོང་རར་བཀྲམས་པའི་ཚོང་རྫས་ཚང་མ་ཕྱིར་འཐེན་གྱིས་མེད་པར་བཟོ་རྒྱུ་ཡིན་ཚུལ་བཤད་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
དེ་སྔོན་ཡང་(Mercedes-Benz)རླངས་འཁོར་བཟོ་གྲྭས་ཀྱང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དུམ་ཞིག་བེད་སྤྱོད་བྱས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་བརྒྱུད་ནས་རླངས་འཁོར་བཟོ་ལས་ཁང་དེས་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ། ༧གོང་ས་མཆོག་གི་གསུང་དུམ་དེ་ཕྱིར་འཐེན་བྱ་དགོས་བྱུང་ཡོད་འདུག་ལ། ཨ་རིའི་མཁའ་འགྲུལ་ལས་ཁང་སོགས་ལའང་གཅིག་མཚུངས་ཀྱིས་གྱོད་འཛུགས་བྱས་ཡོད་ཅིང་། འབྲེལ་ཡོད་དཔྱད་བརྗོད་པས། རྒྱ་ནག་གི་གཞུང་དམངས་གཉིས་ཀྱི་བྱེད་སྟངས་དེ་ནི་གནས་ལུགས་གང་ཡང་མེད་པའི་རྙོག་གཏམ་ཁོ་ན་ཞིག་ཡིན་པའི་སྐོར་གྱི་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎