རྒྱ་ནག་ལ་འཛམ་གླིང་ནང་མང་མོས་ཇེ་ཉུང་དུ་འགྲོ་བཞིན་པ།

རྒྱ་ནག་གིས་ཐོན་སྐྱེད་ལ་ལྷད་གཏོང་བ་དང་དམག་དོན་དྲག་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་རྐྱེན་པས་རྒྱ་ནག་ལ་འཛམ་གླིང་ནང་མང་མོས་ཇེ་ཉུང་དུ་འགྲོ་བཞིན་པ་རེད་

2008.06.13

༄༅༎རྒྱ་ནག་གིས་ཐོན་སྐྱེད་ལ་ལྷད་གཏོང་བ་དང་ དམག་དོན་དྲག་ཤུགས་ཇེ་ཆེར་གཏོང་བ་ དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པ་བཅས་ཀྱི་རྐྱེན་པས་རྒྱ་ནག་ལ་འཛམ་གླིང་ནང་མང་མོས་ཇེ་ཉུང་དུ་འགྲོ་བཞིན་པ་རེད་

དེ་ཡང་འཛམ་གླིང་གི་ཡུལ་གྲུ་ཁག་ཉི་ཤུ་རྩ་བཞིའི་ནང་མི་གྲངས་ཉིས་ཁྲི་བཞི་སྟོང་གི་བསམ་ཚུལ་བསྡུ་རུབ་ཀྱིས་ལྟ་ཞིབ་བྱས་ཏེ་སྙན་ཐོ་བཏོན་པར་གཞིགས་ན་ རྒྱ་ནག་གཞུང་གིས་དམག་དོན་འགྲོ་གྲོན་ཕོན་ཆེ་གཏོང་བཞིན་པའི་ཐད་ ཨ་རི་དང་ཡོ་རོབ་ཀྱི་ཡུལ་གྲུ་དབྱིན་ཇི་དང་ འཇར་མ་ཎི་ སེ་པེཎ་ ཨུ་རུ་སུ་ པོ་ལེནཌི་བཅས་ཀྱི་ནང་མི་གྲངས་བཅུ་ཡི་བསམ་ཚུལ་བསྡུ་རུབ་བྱེད་སྐབས་ མི་གྲངས་བདུན་གྱིས་དེ་ནི་རང་རང་སོ་སོའི་རྒྱལ་ཁབ་ལ་ངན་ཕྱོགས་ཡིན་པར་བསམ་ཚུལ་གསུངས་ཡོད་པ་རེད་ དཔེར་ན་ ཕཱ་རན་སི་ནང་རྒྱ་ནག་ལ་སྣང་ཚུལ་བཟང་པོ་བརྒྱ་ཆ་༤༧ ནས་ ༢༨ ལ་མར་ཆག་ཡོད་པ་དང་ དེ་བཞིན་ཉི་འོང་ནང་རྒྱ་ནག་ལ་སྣང་ཚུལ་བཟང་པོ་བརྒྱ་ཆ་༢༠ ནས་ ༡༤ ལ་མར་ཆག་ཡོད་པ་རེད་ ལྷག་པར་དུ་ཉི་འོང་མི་མང་བརྒྱ་ཆ་༩༠ དང་ལྷོ་ཀོ་རི་ཡའི་མི་མང་བརྒྱ་ཆ་༨༧ གྱིས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་ནི་ ཉི་འོང་དང་ལྷོ་ཀོ་རི་ཡ་ཡུལ་གྲུ་སོ་སོར་ངན་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎