ཨ་རིའི་གུའུ་གལ་དྲ་རྒྱ་རྒྱ་ནག་ནས་གང་མགྱོགས་འཐེན་སྲིད་པ།
2010.03.22
༄༅༎ཨ་མི་རི་ཀའི་གུའུ་གལ་Googleདྲ་རྒྱ་རྒྱ་ནག་ནང་ཚོས་ལས་གནང་རྒྱུ་དེ་གང་མགྱོགས་མཚམས་འཇོག་གནང་སྲིད་པའི་གནས་ཚུལ་ཐོན་ཡོད་པ་རེད་
རྒྱ་ནག་ནང་གི་དཔལ་འབྱོར་གྱི་གསར་ཤོག་ཁག་གཉིས་ཀྱིས་ཨ་རིའི་དྲ་རྒྱ་དེའི་རྒྱ་ནག་ནང་གི་ལས་དོན་ཁག་རེས་གཟའ་ཟླ་བ་ཉིན་མཚམས་འཇོག་གནང་སྲིད་སྐོར་གནས་ཚུལ་བཏོན་ཡོད་པ་རེད་ ཡིན་ནའང་དལྟའི་འཆར་དྲ་རྒྱ་དེས་གོང་ཞུས་ཀྱི་གནས་ཚུལ་ལྟར་ཕྱག་ལེན་བསྟར་མེད་པ་རེད་ ཨ་རིའི་དྲ་རྒྱ་དེ་རྒྱ་ནག་ནང་ལས་དོན་མཚམས་འཇོག་གནང་རྒྱུའི་གནས་ཚུལ་དེར་དྲ་རྒྱ་བེད་སྤྱེད་བྱེད་མཁན་མང་པོ་ཞིག་གིས་དེ་ལྟར་མི་ཡོང་བའི་རེ་བ་གནང་མཁན་མང་པོ་ཡོད་ནའང་རྒྱ་ནག་གཞུང་ཕྱོགས་ཀྱིས་གནས་ཚུལ་འདི་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱ་ཁག་ནང་ཨ་མི་རི་ཀ་དང་འགལ་ཟླ་ཡོད་པའི་གནས་ཚུལ་གཞན་ཁག་དང་མཉམ་གསེས་བྱས་ནས་དཆ་རྒྱ་མི་མང་པོ་ཞིག་གིས་དྲ་རྒྱ་དེ་རྒྱ་ནག་ནས་གང་མགྱོགས་ཐོན་དགོས་པའི་སྐད་ཅོར་རྒྱབ་ཀྱི་ཡོད་པ་རེད་ དཔེར་ན་རྒྱ་ནག་གི་རྒྱལ་ཞན་རིང་ལུགས་པའི་གསར་ཤོག་Global Times གྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་མཁན་ཞིག་གིས་ཁོ་པ་ལྟར་བསམ་ཚུལ་གཅིག་མཚུངས་འཛིན་མཁན་གཞན་བཞིན་དྲ་རྒྱ་དེ་གང་མགྱོགས་རྒྱ་ནག་ནས་ཕྱིར་ཐོན་དགོས་ཞེས་བྲིས་ཡོད་པ་རེད་
ཡང་གནས་ཚུལ་བཀོད་མཁན་གཞན་ཞིག་གིས་གུའུ་གལ་Googleརྒྱ་ནག་ནས་ཕྱིར་འཐེར་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་རྟེན་འབྲེལ་བྱེད་རྒྱུར་ངོས་རང་ཤོག་སྦག་ཉོ་བར་འགྲོ་གི་ཡིན་ཞེས་གནས་ཚུལ་བཀོད་ཡོད་པ་རེད་ ཧོང་ཀོང་གི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ཇོ་སེཕ་ཁྲེང་ཡིས་རྒྱ་ནག་གི་འགོ་འཁྲིད་རྣམས་ཀྱིས་མི་མང་གི་རྒྱལ་ཞེན་རིང་ལུགས་ཀྱི་རྣམ་པ་དེ་བེད་སྤྱོད་བྱས་ནས་གསར་འགོད་རང་དབང་ཐོག་འགོག་རྐྱེན་བཟོ་གི་ཡོད་པ་རེད་ཅེས་གསུང་འདུག ཡང་ཁོང་གིས་རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ཀྱིས་ཨ་མི་རི་ཀའི་གཞུང་ལ་གནས་ཚུལ་འདི་ཚོང་འབྲེལ་གྱི་གནས་ཚུལ་ཙམ་ལས་རྒྱ་ནག་དང་ཨ་རི་བར་གྱི་འབྲེལ་བའི་གནས་ཚུལ་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་ཀྱི་རེད་ཅེས་གསུངས་འདུག ཨ་རིའི་གུའུ་གལ་Googleདྲ་རྒྱ་རྒྱ་ནག་ནས་ཕྱིར་འཐེན་གནང་བ་ཡིན་ན་རྒྱ་ནག་ནང་དྲ་རྒྱ་དེ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོར་གྱོང་གུན་ཕོག་རྒྱུ་ཡང་རྒྱ་ནག་ནང་གི་སྦའེ་དྲུ་Baiduགཙོས་དྲ་རྒྱ་ཁག་ལ་དངུལ་ཨ་རིའི་གྲོ་ལར་འཐེར་འབུམ་གཅིག་ཙམ་གྱི་ཚོང་གི་ཁེ་ཕན་ཐོབ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག