ཀེ་ན་ཌ་བོད་རྒྱབ་སྐྱོར་བས་ཧྲང་ཧེ་འགྲེམས་སྟོན་ལ་སྐྱོན་བརྗོད།

ཀེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་ནང་རྒྱལ་སྤྱིའི་དངོས་ཟོག་འགྲེམས་སྟོན་ཐོག་གི་བོད་ཀྱི་རིགས་གནས་ཚོགས་གུར་དེར་སྐྱོན་བརྗོད།

2010.05.11

༄༅༎ཀེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་ཚུགས་བཞིན་པའི་རྒྱལ་སྤྱིའི་དངོས་ཟོག་འགྲེམས་སྟོན་ཐོག་བཤམས་པའི་ལྷ་ཡུལ་དང་འདྲ་བའི་བོད་ཅེས་མིང་བཏགས་པའི་བོད་ཀྱི་རིགས་གནས་ཚོགས་གུར་དེ་ནི་རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡེལ་བཤིག་གཏོང་བཞིན་པའི་གནས་ཚུལ་ངོ་མ་མི་མངོན་པ་བྱེད་པའི་ཐབས་ལམ་ཞིག་ཡིན་སྟབས་ ཀེ་ན་ཌའི་གཞུང་གི་མི་སྣ་དང་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་ཚོགས་གུར་དེའི་ནང་བལྟ་བསྐོར་དུ་འགྲོ་རྒྱུ་མེད་པའི་ལམ་སྟོན་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག།

རྒྱ་ནག་གཞུང་གིས་ལྷ་ཡུལ་དང་འདྲ་བའི་བོད་ཅེས་པའི་ཚོགས་གུར་དེའི་དྲིལ་བསྒྲགས་གློག་བརྙན་གྱི་ནང་ བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་དང་ བོད་མི་དམངས་ཀྱིས་མེས་རྒྱལ་ལ་ཤ་ཚ་ཞེན་ཁོག་ཆེན་པོ་བྱེད་བཞིན་ཡོད་པ་དང་ བོད་ཀྱི་འཛུགས་བསྐྲུན་ཡར་རྒྱས་དང་ བདེ་སྐྱིད་ལྡན་ལ་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འབྱུང་རྒྱུར་མཐའ་གཅིག་ཏུ་མོས་པ་བྱེད་བཞིན་ཡོད་པ་སོགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་རེད།

ཀེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ཌར་མེན་ཀྲེ་རེ་ལྦི་སི་ཡིས་ཕྱི་ལོ་༢༠༠༨ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་ལ་བཙན་གནོན་འགོག་རྐྱེན་བཟོས་པ་དང་ མི་སྟོང་ཕྲག་བརྒལ་བཙོན་བཅུག་བྱས་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བཏོན་གྱིས་ ལྷ་ཡུལ་དང་འདྲ་བའི་བོད་ཟེར་བའི་ཚོགས་གུར་དེས་ འཛམ་གླིང་མི་དམངས་ཀྱི་བོད་ནང་གི་དངོས་ཡོད་གནས་ཚུལ་གསལ་རྟོགས་ཡོད་པ་དེའི་ཁ་ལོ་བསྒྱུར་ཐབས་ཀྱི་ལས་དོན་ཞིག་ཡིན་པ་བརྗོད་པ་དང་ ད་དུང་ཁོང་གིས་ རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་ནང་དང་ཕྱི་ཕྱོགས་གང་དུ་ཡང་བོད་དོན་དང་འབྲེལ་བའི་འགྲེམས་སྟོན་གང་ཞིག་བྱས་ཀྱང་ བོད་ཀྱི་ལོ་རྒྱུས་དང་ད་ལྟའི་དངོས་ཡོད་གནས་སྟངས་སོགས་ལ་འཁྱོགས་བཤད་འབའ་ཞིག་བྱེད་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་གསལ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎