རྒྱ་གར་སྲུང་སྐྱོབ་བློན་ཆེན་ནས་པ་ཀི་སི་ཐན་ལ་སྐྱོན་བརྗོད།

རྒྱ་གར་སྲུང་སྐྱོབ་བློན་ཆེན་གྱིས་པ་ཀི་སི་ཐན་དང་རྒྱ་ནག་དབར་གྱི་དམག་དོན་འབྲེལ་ལམ་ཐོག་རྒྱ་གར་གྱིས་ཐུགས་འཚབ་གནང་དགོས་བརྗོད།

2011.05.21

༄༅༎ད་རེས་པ་ཀི་སི་ཐན་གྱི་སྲིད་བློན་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་ནས་རྒྱ་ནག་གིས་པ་ཀི་སི་ཐན་ལ་མཁའ་ཐོག་དམག་གི་གནམ་གྲུ་ལྔ་བཅུ་ཙམ་གྱི་རོགས་སྐྱོར་སྤྲད་ནསཡུལ་གཉིས་དབར་དམག་དོན་དང་དཔལ་འབྱོར་སོགས་ཀྱི་འབྲེལ་ལམ་དེ་བཞིན་ཧ་ཅང་ཟབ་པོ་ཡོད་པའི་སྐོར་གསལ་སྟོན་བྱས་ཡོད་པའི་གནད་དོན་ཐོག་གསར་འགོད་པས་རྒྱ་གར་གྱི་སྲུང་སྐྱོབ་བློན་ཆེན་མཆོག་ལ་དེའི་ཐོག་དགོངས་ཚུལ་བཀའ་འདྲི་ཞུས་པརདེ་རིང་རྒྱ་གར་སྲུང་སྐྱོབ་བློན་ཆེན་ཨེ་ཀེ་ཨེན་ཏོ་ནི་(A.K. Antony)མཆོག་ནསཔ་ཀི་སི་ཐན་དང་རྒྱ་ནག་དབར་གྱི་དམག་དོན་འབྲེལ་ལམ་ཐོག་རྒྱ་གར་གཞུང་གིས་ཐུགས་ཚབ་གནང་དགོས་པ་ཞིག་ཆགས་ཡོད་པ་གསུང་འདུག 

རྒྱ་གར་གྱི་སྲུང་སྐྱོབ་བློན་ཆེན་མཆོག་ནས་ད་དུང་པ་ཀི་སི་ཐན་ནང་དྲག་པོའི་ཚོགས་པ་མང་པོ་ཞིག་ཡོད་པ་དེ་ཚོ་ཡང་རྒྱ་གར་གྱིས་ཐུགས་ཚབ་གནང་སའི་གནད་དོན་གཞན་ཞིག་ཡིན་པ་དང་གལ་སྲིད་པ་ཀི་སི་ཐན་གཞུང་གིས་རྒྱ་གར་དང་འབྲེལ་ལམ་བཟང་དུ་གཏང་རྒྱུའི་འདུན་པ་ཡོད་ན། གྱེན་ལོག་ཤོག་ཁག་འམ་དྲག་སྤྱོད་ཚོགས་པ་དེ་ཚོ་མེད་པ་བཟོ་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པའི་སྐོར་གསུང་འདུག རྒྱ་གར་གཞུང་གིས་དུས་ཡུན་རིང་པོའི་ནང་པ་ཀི་སི་ཐན་གྱིས་ཡུལ་དེའི་ནང་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པ་ཚོར་གནས་སྡོད་བྱེད་ས་སོགས་ཁོ་འདོན་བྱས་ནསརྒྱ་གར་དང་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཐོག་འཇིགས་སྐུལ་དྲག་སྤྱོད་ཀྱི་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐོར་སྐྱོན་བཙུགས་གནང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎