སྒྱུ་རྩལ་བ་ཨེ་ལྦེ་ལྦེ་གློད་འགྲོལ་དགོས་པའི་འབོད་སྐུལ།

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨའི་ལྦེ་ལྦེ་གར་སོང་ཆར་མེད་དུ་སོང་བར་ནུབ་ཕྱོགས་སྟོབས་ཆེན་ཡུལ་གྲུ་ཚོས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ།

2011.04.05

༄༅༎རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་དང་སྤྱི་ཚོགས་བདེ་དོན་འཐབ་རྩོད་པ་ཨའི་ལྦེ་ལྦེ་ཉེན་རྟོག་པས་འཇུ་བཟུང་རྗེས་གར་སོང་ཆར་མེད་དུ་སོང་བར་ནུབ་ཕྱོགས་སྟོབས་ཆེན་ཡུལ་གྲུ་ཚོས་ཁོང་ཁྲོ་ཆེན་པས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག།

ཨའི་ལྦེ་ལྦེ་གཟའ་ཉི་མའི་ཉིན་ཕྱི་རྒྱལ་དུ་འགྲུལ་བསྐྱོད་བྱེད་པའི་སྐབས་པེ་ཅིང་གི་གནམ་ཐང་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་ཨ་མི་རི་ཀ་དང་ ཕེརནསི་ ཇར་མན་ནི་དང་དབྱིན་ཡུལ་བཅས་ནས་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལ་སོགས་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་སྡེ་མང་པོས་ ཨཡི་ལྦེ་ལྦེ་འཕྲལ་དུ་གློད་འགྲོལ་དགོས་རྒྱུར་ལས་འགུལ་བརྩམ་བཞིན་པར་རྒྱབ་བསྐྱོར་གྱི་གཏམ་བཤད་ཤུགས་ཆེ་བྱས་ཡོད་པ་རེད།

གཟའ་མིག་དམར་ཉིན་ཨཡི་ལྦེ་ལྦེའི་བཟའ་ཟླ་དང་ ཁྲིམས་རྩོད་པ་གཉིས་ཀས་སྒྱུ་རྩལ་པ་གྲགས་ཅན་དེ་གར་ཡོད་དང་ དེ་མིན་གྱི་གནས་བབས་སྐོར་གང་ཡང་ཤེས་རྟོག་མེད་པ་ ཕེ་རནསི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག ཨཡེ་ལྦེ་ལྦེ་ནི་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་ཞིག་ལ་ དེའི་རྐྱེན་གྱིས་དེ་སྔོན་ཡང་ཁོ་པར་དཀའ་ངལ་ཇི་སྙེད་ཅིག་འཕྲད་ཡོད་པ་རེད།

པེ་ཅིང་གི་ཉེན་རྟོག་པ་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་སུས་ཀྱང་ལོ་ན་༥༣ལ་སོན་པ་ཨཡེ་གནས་སྟངས་སྐོར་གང་ཡང་གསལ་བཤད་བྱེད་ཀྱི་མེད་ཅིང་རྒྱ་ནག་ཏུ་བཅའ་ཞུགས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཞུང་ཚབ་པ་མའར་ཀ་སི་ཨི་ཌི་རར་གྱིས་མཚན་ཐོག་ནས་གསར་འགོད་གསལ་སྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་གང་བྱུང་མི་སྣ་འཛིན་བཟུང་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་སེམས་འཚབ་ཡོད་པ་དང་བྱ་སྤྱོད་དེ་འཕྲལ་དུ་མཚམས་འཇོག་དགོས་ལུགས་གསུངས་ཡོད་པ་རེད།

དེ་བཞིན་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མཀ་ཀྲོ་ནར་གྱིས་ རྒྱ་ནག་གཞུང་གིས་ཨཡི་འཛིན་བཟུང་བྱས་པ་དེ་ནི་རྒྱ་ནག་གི་མི་སེར་ཞིག་གི་གཞི་རིམ་གྱི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་མི་མཐུན་པ་ཞིག་ཡིན་སྟབས་ ང་ཚོས་རྒྱ་ནག་གཞུང་ལ་ཨཡེ་འཕྲལ་དུ་གློད་འགྲོལ་དགོས་པའི་ཛ་དྲག་གི་འབོད་བསྐུལ་ཞུ་གི་ཡོད་ཅེས་གསུངས་འདུག།

རྒྱ་ནག་གཞུང་གིས་ཉེ་བའི་འཆར་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་མཁན་གྱི་མི་སྣ་མང་པོ་ཞིག་གང་བྱུང་འཛིན་བཟུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ ཁོང་ཚོས་གཞུང་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་བྱ་རྒྱུ་མཚམས་འཇོག་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་ནང་ཨཡེ་རང་ཉིད་ཀྱི་སྒྱུ་རྩལ་རིག་གནས་གོང་འཕེལ་གཏོང་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན་ གཟའ་འཁོར་སྔོན་མར་ཁོང་གིས་ ཇར་མན་གྱི་ནང་ཁོང་གི་སྒྱུ་རྩལ་རྟེན་གཞི་ཁང་འཛུགས་རྒྱུའི་འཆར་གཞི་ཡོད་པ་གསུངས་པ་དང་ ད་དུང་ཁོང་གིས་ ངོས་རང་གི་ལུས་སྲོག་ལ་ཆེས་ཉེན་ཚབས་ཆེ་བའི་གནས་ཚུལ་རིགས་མི་འབྱུང་ཕྱིན་ངོས་རང་པེ་ཅིང་དུ་སྡོད་འདོད་ཡོད་ འོན་ཀྱང་ངའི་སྒྱུ་རྩལ་རིག་གནས་འཕེལ་རྒྱས་ཀྱི་ཐད་རྒྱ་ནག་ནང་འགོག་རྐྱེན་ཆེན་པོ་འཕྲད་བཞིན་པ་དེ་ནི་བློ་ཕམ་འོས་པའི་རང་བཞིན་ཞིག་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎