རྒྱ་ནག་ཕུའུ་ཅན་དུ་ནད་ཡམས་ཤིག་གིས་ཕྲུ་གུ་གསུམ་ཤི་བ།

རྒྱ་ནག་ནང་ཁ་དང་རྐང་ལག་གི་ན་ཚ་ཟེར་བའི་ནད་ཡམས་དེ་འགོས་ཁྱབ་བྱུང་རྗེས་ཕྲུ་གུ་གསུམ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ།

2008.10.20

༄༅༎རྒྱ་ནག་གི་ཕུའུ་ཅན་ཞིང་ཆེན་གྱི་ཅ་ནོའུ་ཞེས་པའི་གྲོང་ཁྱེར་ནང་མི་མང་བརྒྱ་ལྷག་པར་ཁ་དང་རྐང་ལག་ན་བའི་ནད་ཡམས་འགོས་ཁྱབ་ཀྱིས་ནད་ཡམས་དེས་རྐྱེན་པའི་ཕྲུ་གུ་གསུམ་འདས་གྲོངས་སུ་འགྱུར་བའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད་ གཞུང་འབྲེལ་གྲངས་ཐོ་སྤེལ་བར་གཞིགས་ན་རྒྱ་ནག་ནང་ཁྱབ་བརྡལ་ཤུགས་ཆེ་ཡོད་པའི་ཁ་དང་རྐང་ལག་གི་ན་ཚ་ཟེར་བའི་ནད་ཡམས་དེ་རྒྱལ་ཡོངས་སུ་མི་གྲངས་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཙམ་ལ་འགོས་ཁྱབ་བྱུང་ཡོད་པ་དང་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ནང་ནད་ཡམས་དེས་རྐྱེན་པས་མི་གྲངས་སུམ་ཅུ་སོ་བཞི་ཙམ་འདས་གྲོངས་གྱུར་ཡོད་པའི་གྲངས་ཐོ་ཕྱི་བསྒྲགས་བྱས་ཡོད་པ་རེད་ ནད་ཡམས་དེ་ནི་ཁྱབ་བརྡལ་གང་ཆེ་འགྲོ་མཁན་ཞིག་དང་ནད་གཞི་དེའི་སྔོན་རྟགས་ལ་ལུས་པོར་རྨ་ཐོན་པ་དང་ཚ་བ་ཆེན་པོ་འབར་གྱི་ཡོད་པ་དང་དམིགས་བསལ་ན་ཆུང་ཕྲུ་གུ་ཚོར་ནད་གཞི་དེས་སྲོག་ཉེན་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་ གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ནད་ཡམས་དེ་འདི་ལོའི་ཕྱི་ཟླ་གསུམ་པའི་འགོ་སྟོད་ལ་རྒྱ་ནག་གི་ཤར་ཕྱོགས་མངའ་ཁུལ་ནང་ཁྱབ་བརྡལ་བྱུང་ཡོད་ནའང་གཞུང་གིས་གསང་རྒྱ་བྱས་ཏེ་ཕྱིས་སུ་མ་གཏོགས་གནས་ཚུལ་ཕྱི་བསྒྲགས་བྱས་མེད་པའི་སྐྱོན་རྗོད་ཡོང་གི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎