རྒྱ་ནག་ནས་བཟོས་པའི་འོ་མའི་བཟའ་ཆས་ཐད་གཟབ་ནན་དགོས།
2008.10.04
༄༅༎བར་སྐབས་རྒྱ་ནག་ནས་བཟོས་པའི་འོ་རྩམ་དང་འོ་མ་ཡོད་པའི་བཟའ་ཆས་ནང་མེའེ་ལ་མིན་ཟེར་བའི་དུག་རྫས་འསྲེས་ལྷད་བྱས་པའི་གནས་ཚུལ་ཆེན་བྱུང་བའི་རྗེས་ཁ་སང་གཟའ་པ་སངས་ཉིན་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་ལྷན་ཁང་ནས་བོད་མི་ཚོས་གནད་དོན་འདིའི་ཐད་ཡིད་གཟབ་དོ་ནན་ཡོང་ཐབས་ཀྱི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
རྒྱ་ནག་ནས་ཐོན་པའི་འོ་མ་དང་འོ་རྩམ་དེ་མིན་འོ་མ་ཡོད་པའི་བྱི་རིལ་ལ་དངོས་རྫས་མང་དག་ཅིག་གི་ནང་དུག་རྫས་མེའེ་ལ་མིན་ཟེར་བ་བསྲེས་ལྷད་བྱས་ཡོད་པ་དང་ལྷག་པར་དུ་དུག་རྫས་དེ་བསྲེས་ལྷད་ཡོད་པའི་ཕྲུ་གུའི་འོ་རྩམ་འཐུང་པའི་རྐྱེན་གྱིས་ད་བར་ཕྲུ་གུ་ཁྲི་ལྔ་ལྷག་གི་ཁེལ་མའི་ནང་རྡོ་ཆགས་པའི་ནད་གཞི་ཕོག་ཡོད་པར་མ་ཟད་མ་མཐར་ཕྲུ་གུ་ལྔ་ཙམ་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད་
བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་ལྷན་ཁང་ནས་བོད་མིའི་གཞིས་ཆགས་ཁག་གི་འགོ་འཛིན་དང་སློབ་གྲའི་དབུ་འཛིན་དེ་བཞིན་འཕྲོད་བསྟེན་ལས་བྱེད་པ་ཚོར་སློབ་སྟོན་གནང་མཁན་གཞུང་ལས་ཆེད་བཏང་གནང་ཡོད་པ་དང་བཙན་བྱོལ་གཞུང་གི་འཕྲོད་བསྟེན་ལས་ཁང་གིས་སློབ་གྲའི་ལས་བྱེད་པ་དང་ཕ་མ་ཚོས་རྒྱ་ནག་ནང་བཟོས་པའི་བཟའ་ཆས་བེད་སྤྱོད་བྱ་རྒྱུར་དོགས་ཟོན་བྱེད་དགོས་པའི་སློབ་སྟོན་ཡང་གནང་ཡོད་ལ་དེ་བཞིན་བོད་ནང་གི་བོད་མི་ཚོར་དུག་རྫས་བསྲེས་ལྷད་བྱེད་པའི་འོ་མའི་དངོས་རྫས་དེ་རིགས་བོད་ཀྱི་ས་ཁུལ་ཚང་མའི་ནང་ཡོངས་ཁྱབ་ཡོད་པ་དང་བོད་མི་ཚོས་དངོས་རྫས་དེ་དག་བེད་སྤྱོད་བྱེད་མི་དགོས་པ་གཙོ་བཟུང་དགོས་པའི་འབོད་བསྐུལ་གནང་པ་དང་སྦྲགས་རྒྱ་ནག་ནས་བཟོས་པཔའི་འོ་མའི་དངོས་རྫས་དེ་དག་ཉོ་ཚོང་ཡང་བྱ་རྒྱུ་མེད་པའི་སློབ་སྟོན་གནང་ཡོད་པ་རེད༎