རྒྱ་ནག་བྱང་ཕྱོགས་སུ་གངས་ཀྱིས་མི་རྒྱུ་གཉིས་ལ་གནོད་འཚེ་།

རྒྱ་ནག་གི་བྱང་ཕྱོགས་ཞིང་ཆེན་ཁག་ནང་ཁ་བའི་བུར་ཡུག་ཤུགས་ཆེ་རྒྱབ་པའི་རྐྱེན་གྱིས་ད་བར་ཁྱོན་མི་༣༢རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ།

2009.11.15

༄༅༎ཟླ་བ་འདིའི་ཕྱི་ཚེས་དགུ་ནས་རྒྱ་ནག་གི་བྱང་ཕྱོགས་ཞིང་ཆེན་ཁག་ནང་ཁ་བའི་བུར་ཡུག་ཤུགས་ཆེ་རྒྱབ་པའི་རྐྱེན་གྱིས་ད་བར་ཁྱོན་མི་༣༢རྐྱེན་ལམ་དུ་ཕྱིན་པ་དང་དགུན་ཁའི་སྟོན་ཐོག་སོན་ཁལ་འབུམ་གསུམ་ཙམ་རྩ་མེད་དུ་ཕྱིན་ཡོད་པ་རེད།

རེས་གཟའ་ཉི་མའི་ཉིན་པེ་ཅིང་ནས་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་གོང་གསལ་འདས་གྲོངས་སུ་ཕྱིན་པའི་མི་སུམ་ཅུའི་ནང་ནས་བཅུ་ཧེ་བེ་ཞིང་ཆེན་དང་བཅིུས་ཧེ་ནན་ཞིང་ཆེན་དེ་འཕྲོས་ཀྱི་བརྒྱད་ཧྲན་ཤི་དང་ཧྲན་ཏོང་བཅས་ཡིན་པ་དང་དེ་དག་ནི་ཁ་བའི་བུར་ཡུག་གི་གནོད་འཚེ་ནང་འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་ཁོ་ན་ཡིན་པ་ལས་དེ་མིན་རང་འབྱུང་གི་གནོད་འཚེ་དེ་ཡི་རྐྱེན་པས་མོ་ཊ་སོགས་འགྲིམས་འགྲུལ་བརྡབ་སྐྱོན་བྱུང་སྟེ་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་ཀ་ཚུད་མེད་ཅིང་ཁང་པ་ཐོག་རྩེགས་ཅན་ཆིག་ཁྲི་ལྔ་སྟོང་ལྷག་བརྡིབ་སྐྱོན་བྱུང་བ་མ་ཟད་དགུན་ཁའི་སྟོན་ཐོག་རྩ་མེད་ཕྱིན་པའི་དངུལ་གྱི་རྩ་ཐང་རྒྱ་མིའི་སྒོར་མོ་ཐེར་འབུམ་བདུན་ཙམ་གྱི་གོང་རྒུད་ཕོག་ཡོད་པ་རེད། རང་འབྱུང་གནོད་འཚེ་དེས་རྒྱ་ནག་གི་བྱང་ཕྱོགས་ཞིང་ཆེན་དེ་དག་ནང་གི་མི་དམངས་ས་ཡ་བཅུ་ཙམ་ལ་ཤུགས་རྐྱེན་ཐེབས་ཏེ་མི་དམངས་འབུམ་གཉིས་ཙམ་སྡོད་ཁྱིམ་ནས་ཉེན་གཡོལ་དུ་བསྐྱོད་བཞིན་ཡོད་ཀྱང་ཁ་བས་འགྲོ་ལམ་འགག་ཏེ་འགྲིམས་འགྲུལ་ཤར་བསྐྱོད་མ་ཐུབ་པར་དཀའ་ངལ་ཐོག་ལྷུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎