བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས།


2017.11.08
བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རག་ཚེ་ཀྲུང་ཧ་མི་དམངས་སྤྱི་འཐུན་རྒྱལ་ཁབ་དང་མཉམ་བསྡད་འདོད་ཡོད་པ་གསུངས་འདུག
དགའ་ལྡན་ཕོ་བྲང༌།

ཨ་རིར་རྟེན་གཞི་བྱས་པའི་ཞི་བདེ་བསྟི་གནས་ཁང་ USIP ཞེས་པ་དེས་གོ་སྒྲིག་བྱས་པའི་ཞི་བདེའི་བགྲོ་གླེང་ཐོག་ཞི་བདེ་ལས་འགུལ་བ་གཞོན་སྐྱེས་འགོ་ཁྲིད་མི་གྲངས་ ༢༥ ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༡ ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཀའ་སློབ་དང་དྲི་བ་ཁག་ལ་བཀའ་ལན་སྩལ་གནང་འདུག  ཉིན་གཉིས་པའི་ཐོག་Al jeezera བརྙན་འཕྲིན་བརྒྱུད་ཞི་བདེ་ལས་འགུལ་བ་བུད་མེད་གཉིས་དང་ཐད་དཀར་གླེང་མོལ་གནང་སྐབས་སུ་། བོད་དང་རྒྱ་ནག་གི་གནད་དོན་ཐོག་དྲི་བ་ཞིག་ལ་༸གོང་ས་མཆོག་གིས་བཀའ་ལན་གནང་བའི་ནང་བོད་དེ་རྒྱ་ནག་ནས་ཁ་བྲལ་བྱ་རྒྱུར་རྩོད་ཀྱི་མེད་པ་དང་།རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བ་ལྟར་ ང་ཚོ་ལ་དགོས་ངེས་ཀྱི་ཐོབ་ཐང་སྤྲོད་པ་ཡིན་ན་ཀྲུང་ཧང་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་བསྡད་རྒྱུར་མཆོད་སེམས་བརྟན་པོ་ཡོད་ཅེས་བཀའ་གནང་བཞག  ད་དུང་༸གོང་ས་མཆོག་གིས་རྒྱ་མི་རིགས་ནི་རིག་གཞུང་དང་ལོ་རྒྱུས་གང་གི་ཆ་ནས་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་རེད་ཅེས་གསུངས་བཞག
དེ་བཞིན་༸གོང་ས་མཆོག་གིས་ང་ཚོས་རྒྱ་མི་རིགས་ཚོར་གུས་ཞབས་ཡོད་ལ་དོན་དངོས་ཐོག་ནས་རྒྱ་ནག་དེ་ལོ་རྒྱུས་དང་རིག་གཞུང་གང་གི་ཆ་ནས་བལྟས་ཀྱང་སྙིང་རུས་ཅན་གྱི་མི་དམངས་ཞིག་རེད། ལོ་༢༠༠༠ལྷག་གི་ལོ་རྒྱུས་ཡོད་པའི་འཛམ་གླིང་ཐོག་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཞིག་ཆགས་ཡོད་པ་རེད། འདས་པའི་དུས་སུ་རྒྱ་ནག་དང་བོད་གཉིས་བར་གཉེན་སྒྲིག་གི་ལམ་ནས་འབྲེལ་བ་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་རྒྱུས་ལ་མ་བལྟས་པར་ད་ལྟའི་དངོས་ཡོད་གནས་སྟངས་ལ་བལྟས་ནས་ང་ཚོས་རང་བཙན་བྱས་ནས་རྒྱ་ནག་ནས་ཁ་བྲལ་བྱ་རྒྱུར་བརྩོད་ཀྱི་མེད། ངས་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་ཆེ་བསྟོད་ཞུ་གི་ཡོད། དེར་བརྟེན་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་དེ་ཚོ་བོད་མིར་སྤྲོད་རྒྱུ་དངོས་སུ་ལག་བསྟར་གནང་བ་ཡིན་ན་  ང་ཚོས་དབུ་མའི་ལམ་ཀྱི་སྲིད་ཇུས་བཞིན་བོད་དེ་ཡང་རྒྱ་ནག་གི་མངའ་འོག་དུ་བསྡད་རྒྱུ་ལས་ཁ་བྲལ་རྩོད་གྱི་མེད། འོན་ཀྱང་ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་དེ་ལ་འདོད་བློ་ཁེངས་པ་ཞིག་མེད་ཅེས་གསུངས་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎