རྒྱ་ནག་ནང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུའི་སྲིད་བྱུས་སྐོར།

༧གོང་ས་མཆོག་ནས་རྒྱ་ནག་གི་སྲིད་འཛིན་གྱིས་རྒྱ་ནག་ནང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུའི་སྲིད་བྱུས་དེར་བསྔགས་བརྗོད་གནང་འདུག

2010.06.25

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟའ་ཕུར་བའི་ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མ་ནང་ཡོད་པའི་ཉི་ཧོང་གི་སློབ་གྲ་ཆེན་མོའི་སློབ་ཕྲུག་ཚོ་དང་སློབ་གསོའི་ཚན་ཁག་གི་མི་སྣ་དང་ལྷན་དུ་བགྲོ་གླེང་གནང་བའི་སྐབས་ ༧གོང་ས་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཡིས་རྒྱ་ནག་ནང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུའི་སྲིད་བྱུས་དེར་བསྔགས་བརྗོད་གནང་ཡོད་པ་དང་འབྲེལ་ སྲིད་བྱུས་དེ་བཞིན་ཡིད་ཆེས་དང་ཡོངས་ཁྱབ་ཀྱི་ཐོག་ནས་ལག་བསྟར་གནང་དགོས་གལ་ཆེ་བ་བཀའ་སྩལ་ཡོད་པ་དང་  ༧གོང་ས་མཆོག་གིས་ རྒྱ་ནག་གཞུང་གིས་དྲག་གནོན་དང་རྡུང་རྡེག་འོག་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་ཐབས་མེད་པ་གསལ་སྟོན་གནང་ཡོད་ཅིང་ ༧གོང་ས་མཆོག་ནས་ གལ་སྲིད་རྒྱ་ནག་གཞུང་དེ་བཞིན་མི་མང་གིས་བདམས་པའི་སྲིད་གཞུང་ཞིག་ཡིན་ཚེ་ངེས་པར་དུ་མི་མང་གི་རང་དབང་དང་མི་མང་གི་བསམ་བརྗོད་ལ་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་བཀའ་སྩལ་འདུག ཡང་བོད་ཀྱི་གནད་དོན་ཐོག་བཀའ་འདྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་གནད་དོན་ཐོགརྒྱ་མི་དང་བོད་མི་་དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེའི་ཁྲིམས་རྩོད་སོགས་ཀྱིས་ལྟ་ཕྱོགས་མི་འདྲ་བ་རེ་འཛིན་གྱི་ཡོད་པ་དང་ ང་ཚོས་ལྟ་ཕྱོགས་དེ་ཚོར་ཞིབ་ནན་གྱིས་དབྱེ་ཞིབ་བྱས་ཚེ་སུས་དྲང་པོ་བཤད་ཀྱི་ཡོད་པ་དེ་གསལ་པོ་མཐོང་ཐུབ་ཀྱི་རེད་ཅེས་བཀའ་གནང་ཡོད་པ་དང་ ༧གོང་ས་མཆོག་ནས་མ་འོངས་བོད་ཀྱི་གནས་སྟངས་དེ་བཞིན་ བོད་མི་ཚོའི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པ་བཞིན་རང་ཉིད་ཀྱི་རིག་གཞུང་དང་ཆོས་ལུགས་ལ་རང་དབང་ཐོག་ནས་དད་ཞེན་བྱེད་ཆོག་པའི་དེང་དུས་ཀྱི་བོད་ཅིག་ནང་འཚོ་གནས་བྱ་རྒྱུའི་འདོད་མོས་བྱེད་ཀྱི་ཡོད་པ་བཀའ་སྩལ་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎