༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་ཕྱིར་ཕེབས་གནང་ཡོད་པ།

༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་དམིཌ་བསལ་ཚོཌ་ཆེན་མ་གྲུབ་བར་བོད་རྒྱ་འབྲེལ་མོལ་གནད་དོན་ཐོག་གསུངས་རྒྱུ་མིན་ལུཌ་བཀའ་གནང་བ།

2008.11.06

༄༅༎བཙན་བྱོལ་བོད་གཞུང་གི་སྐུ་ཚབ་རྣམ་པ་ཉེ་ཆར་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་སྐུ་ཚབ་རྣམ་པ་དང་འབྲེལ་མོལ་གྲུབ་སྟེ་ད་ཆ་ཕྱིར་འཁོར་གནང་ཡོད་ཀྱང་རིང་མིན་ཚོགས་ཆེན་མ་གྲུབ་བར་གནད་དོན་གང་གི་ཐོག་གྲོས་མོལ་གནང་ཡོད་མེད་གསལ་པོ་གསུངས་རྒྱུ་མིན་ལུགས་བཀའ་གནང་འདུག་ཡིན་ན་ཡང་རྒྱ་ནག་གཞུང་གི་འབྲེལ་མོལ་གནང་མཁན་ཐབས་ཕྱོགས་གཅིག་འགྱུར་ཁང་གི་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་སྤྱི་ཁྱབ་ཏུ་ཆིང་ལིན་གྱིས་གསུངས་པའི་གནད་དོན་ཞིག་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནང་བཀོད་ཐོནབྱུང་བར་ལྟར་ན་ཏྰ་ལའི་བླ་མས་རྒྱལ་རབས་ལ་བརྩི་བཀུར་དང་དངོས་ཡོད་གནང་སྟངས་ལ་གདོང་ལེན་བྱེད་པའི་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་གྲིགས་པ་ཞིག་བཟོ་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག་བོད་ལ་རང་བཙན་དང་ཡང་ན་ཕྱེད་རང་བཙན་སོགས་མིང་འདྲ་མིན་གིང་གི་ངོ་བའོའི་ཐོག་ནས་ཀྱང་གླེང་སློང་ཡོང་ཐབས་མེད་པ་ཞིག་རེད་རང་སྐྱོང་གི་གནས་བབ་ཟེར་མིང་འཁྱེར་ནས་རྒྱལ་ཁབ་ཆིག་བསྒྲིལ་གྱི་ནུས་པ་གཏོར་བཤིགས་འགྲོ་བའི་ལས་འགུལ་སུ་གཅིག་ལའང་སྤེལ་བཅུག་རྒྱུ་མིན་ཞེས་གང་ལྟར་བོད་ལ་མཐའ་ན་ཧོང་ཀོང་དང་མ་ཀའོ་གཉིས་གྱི་གནས་བབ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་འདྲའང་སྤྲོད་རྒྱུ་མིན་ཞེས་དཔེ་མཚོན་ཡང་བཞག་ནས་འགྲེལ་བརྗོད་བྱས་ཡོད་པ་ལུང་འདྲེན་བྱས་པ་སོགས་སྐུ་ཚབ་རྣམ་པའི་དབར་གྲོས་མོལ་གྲུབ་པའི་རྗེས་རྒྱ་ནག་གི་ཕྱོགས་ནས་ལངས་ཕྱོགས་འཛིན་སྟངས་གསལ་པོ་གསལ་ཁ་བཏོན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎