༧གོང་ས་མཆོག་རྡོར་གདན་ནས་ལྡི་ལིར་ཆིབས་བསྒྱུར།


2017.01.16
༸གོང་ས་མཆོག་རྡོར་གདན་ནས་ལྡི་ལིར་ཆིབས་བསྒྱུར། ༸གོང་ས་མཆོག་ནས་ཕྱི་ཚེས་༡༥ཉིན་རྡོ་རྗེ་གདན་མཆོད་རྟེན་དུ་གནས་གཟིགས་མཛད་པའི་སྐབས།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༡༦ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ༢༠༡༧ ཕྱི་ཟླ་ ༡ ཚེས་ ༢ ནས་ ཚེས་ ༡༥ བར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་མཛད་འཆར་དུ་མ་ཞིག་བསྐྱངས་གནང་མཛད་ཡོད་ཅིང་། ཕྱི་ཚེས་ ༢ ནས་༤ བར་དུས་འཁོར་གྱི་ས་ཆོག་དང་། ཕྱི་ཚེས་ ༥ ནས་ ༨ བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་ཐོུང་ལམ་སྦྱང་གི་ཆེད་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་སྒོ་ནས་ནས་བཀའ་ཆོས་སྩལ་གནང་མཛད་ཅིང་། ཕྱི་ཚེས་ ༩ ཉིན་མཆོད་གར། ཕྱི་ཚེས་ ༡༠ ནས་ ༡༣ དུས་འཁོར་གྱི་དབང་གི་སྟ་གོན་དང་དབང་དངོས་གཞི་བཅས་སྩལ་གནང་མཛད་ཡོད་ལ།  ཕྱི་ཚེས་ ༡༤ ཉིན་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་བཀའ་དབང་དང་། བོད་ལྗོངས་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་འབུལ་ལམ་ཞུས་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་དང་ཐུགས་འགན་རྐང་བཞེས་གནང་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་འདིའི་ཐོག་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད། དེ་བཞིན་ཡུལ་གྲུ་ ༩༠ ཙམ་ནས་ཆོས་ཞུ་བ་ཉི་འབུམ་ཙམ་ཆེད་བཅར་ཞུས་ཡོད་པ་རེད།
དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གྲུབ་རྗེས། ༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་རྣམ་གྲྭ་དགེ་འདུན་པ་རྣམས་ནས་དུས་འཁོར་དཀྱིལ་འཁོར་གྱི་རྡུལ་མཚོན་གཤེགས་གསོལ་དང་མཆོད་རྟེན་རིན་པོ་ཆེའི་སྐུ་རྒྱབ་ཏུ་ཡོད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་བརྙན་བཞུགས་ཡུལ་རྫིང་པོ་དེའི་ལྷོ་ངོས་སུ་ཀླུ་ཆོག་གནང་ཞིང་། སླར་ཡང་དུས་འཁོར་ལྷ་ཁང་ནང་ཕྱིར་ཕེབས་ཀྱིས་མཇུག་ཆོག་ཤིས་བརྗོད་སོགས་གནང་ཡོད་པ་རེད།
ཉིན་ཤས་ནས་བཟུང་གནས་མཆོག་རྡོ་རྗེ་གདན་ནས་ཆོས་ཞུ་བ་རང་རང་སོ་སོའི་གནས་སུ་ཕྱིར་ལོག་བྱ་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅིང་། འགྲིམ་འགྲུལ་ལས་ཁང་ཚོས་བརྗོད་པར་གཞིགས་ན་ཕྱི་ཚེས་ ༢༡ བར་མེ་འཁོར་དང་གནམ་གྲུ། དེ་བཞིན་སྤྱི་སྤྱོད་རླངས་འཁོར་གྱི་ལག་འཁྱེར་འཐོབ་རྒྱུ་ཁག་ཏུ་འགྲོ་བཞིན་ཡོད་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎