འཇར་མན་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་དྲིན་རྗེས་དྲན།

༸གོང་ས་མཆོག་གིས་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་བོད་དོན་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་གནང་ཡོད་འདུག

2009.08.02

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་བོད་དོན་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་གཉིས་རེས་གཟའ་སྤེན་པའི་ཉིན་འཇར་མན་ཁུལ་བཅའ་བཞུགས་བོད་མི་བཞི་བརྒྱ་ལྷག་ཙམ་དང་བོད་དོན་རྒྱབ་སྐྱོར་བའི་མི་གྲངས་ལྔ་བཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པའི་ནང་གཙོ་བོ་དོན་ནང་གི་དེང་སང་གནས་སྟངས་དང་ལྷག་པར་དུ་བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཉམས་ཆགས་ཆེན་པོ་འགྲོ་བཞིན་པར་ཐུགས་ཚབས་ཆེན་པོ་ཡོད་པའི་སྐོར་སོགས་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་གི་གནད་དོན་རྣམས་བཀའ་གནང་བ་དང་ཆབས་ཅིག་འདས་པའི་ལོ་ཤས་ནས་བཟུང་རྒྱ་རིགས་མང་ཚོགས་ནས་བོད་པའི་གནད་དོན་ཐོག་དོ་སྣང་ཇེ་ཤུགས་ཆེ་རུ་ཕྱིན་པས་མ་ཟད་༸གོང་ས་མཆོག་གི་འདོན་གནང་མཛད་པའི་ལམ་དབུ་མའི་སྲིད་བྱུས་ཐོག་རྒྱབ་སྐྱོར་ཡོད་པའི་དཔྱད་རྩོམ་མང་དག་ཅིག་སྤེལ་ཡོད་པ་སོགས་གང་ལྟར་བོད་མིའི་གནད་དོན་དེ་དྲང་བདེན་ཡིན་པ་ཞིག་ལ་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་འུག

དེ་དང་ཕྱོགས་མཚུངས་འཇར་མན་ནང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་མི་སྒེར་དང་ཚོགས་པ་ཚོས་ད་བར་བོད་མི་དང་བོད་དོན་ཐོག་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ཞེས་བཀའ་གནང་ཡོད་འདུག

ཡང་ཐེངས་འདིའི་མཛད་འཆར་ཁོངས་སུ་ཁུལ་དེའི་ནང་གི་ཚན་རིག་མཁས་དབང་ཁག་ཅིག་དང་ལྷན་དུ་བགྲོ་གླེང་གནང་བ་དང་བཟང་སྤྱོད་དང་དཔལ་འབྱོར་གྱི་གནད་དོན་ཐོག་འབྲེལ་ཡོད་ཁག་ཅིག་དང་ལྷན་དུ་བཀའ་བསྡུར་གནང་བའི་སྐབས་སུ་བྱམས་དང་སྙིང་རྗེའི་ཀུན་སློང་ཐོག་ལས་དོན་སྤེལ་བ་ཡིན་ན་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐུབ་པ་གཅིག་པུ་མ་ཡིན་པར་ཕྱིའི་ལུས་པོའི་ཐོག་ལའང་ཕན་ཐོག་ཆེན་པོ་ཡོད་པ་ཞིག་ཡིན་དུས་བྱམས་པ་དང་བརྩེ་སེམས་འཕེལ་རྒྱས་གཏོང་ཐུབ་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ལས་ཁོང་ཁྲོ་དང་ང་རྒྱལ།ཞེན་ཆགས་ཆེན་པོ་བྱེད་པ་སོགས་ཀྱིས་ལུས་སེམས་གཉིས་ཀར་དཀའ་ངལ་འཕྲད་རྒྱུ་ལས་ཡོད་མ་རེད་ཅེས་བཀའ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎