༸གོང་ས་མཆོག་གིས་མཁས་པའི་བགྲོ་གླེང་དུ་ལྷན་ཞུཌ་གནང་བ།
2009.08.01
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཇར་མན་གྱི་གྲོང་ཁྱེར་ཕེ་རེང་ཕ་ཊེ་ནང་ཉིན་གྲངས་གཉིས་རིང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་ཀྱི་མཛད་འཆར་ལེགས་གྲུབ་རྗེས་དེ་རི་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་འཛམ་གླིང་གཅིག་དམིགས་ཡུལ་གཅིག་བསམ་བློན་གཅེག་ཅེས་པའི་བརྗོད་གཞིའི་ཐོག་གི་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཁག་གཉིས་ཀྱི་དབུ་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
སྔ་དྲོའི་ཚན་རིག་པ་དང་དཔལ་འབྱོར་མཁས་པ་སོགས་འདུས་པའི་བགྲོ་གླེང་གི་ཚོགས་འདུ་དེའི་སྐབས་ནོར་སྲིད་དང་ཚན་རིག་ཆོས་ལུགས་བཅས་ཀྱི་ཐོག་ནས་འཛམ་གླིང་ནང་གི་དཀའ་ངལ་སེལ་ཐབས་སྐོར་བཀའ་བསྡུར་གནང་ཡོད་པ་དང་ཚོགས་འདུ་དེའི་ནང་འཛམ་གླིང་ནང་གི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཚན་རིག་པ་གྲགས་ཅན་མཁས་དབང་སྐུ་ཞབས་མོ་གིལྦ་ལ་ཊིཕ་མཆོག་ཀྱང་མཉམ་ཞུགས་གནང་ཡོད་འདུག
ཉིན་རྒྱབ་ཀྱི་བགྲོ་གླེང་ཚོགས་མཐུན་དེ་ནི་གཙོ་བོ་སྒོམ་ལ་སོགས་པ་ཆོས་ཕྱོགས་ཀྱི་ཉམས་ལེན་གྱི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཐབས་སྐོར་བཀའ་བསྡུར་གནང་ཡོད་པ་དང་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེ་རན་སིའི་སྐད་ཡིག་གི་གསུང་བསྒྱུར་ཞབས་ཞུ་གནང་མཁན་དགེ་སློང་མེ་ཐིའུ་རི་ཁ་ཌེ་དང་དེ་མིན་ཀླད་པ་དང་སེམས་ཁམས་ཚན་རིག་པ་སོགས་ཀྱི་མཁས་པ་ཁག་གཅིག་མཉམ་ཞུགས་གནང་ཡོད་འདུག
ཉིན་རྒྱབ་ཇར་མན་གྱི་ཚོུད་བཞི་པའི་ཐོག་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད༎