དམངས་གཙོ་དོན་གཉེར་ཅན་གློད་བཀྲོལ་གྱི་རེ་འབོད།
2012.08.12
༄༅༎ཕྱི་ཟླ་༨ཚེས་༡༢ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་ཚོས་རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་ཅན་ཞིག་ལ་རྒྱ་ནག་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཏེ་དོ་དམ་བཀག་ཉར་བྱས་པ་ནས་གློད་བབཀྲོལ་གཏོང་དགོས་པའི་འབོད་སྐུལ་གྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།
དེ་ཡང་ལོ་༦༢ ཡིན་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་Zhu Chengzhi ཡིས། དེ་སྔོན་༡༩༨༩ ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་Li Wangyang སྨན་ཁང་དུ་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་གནས་སྟངས་དོགས་གཞིའི་སྐོར་འདྲ་པར་འདོན་སྤེལ་བྱས་པའི་རྗེས་རྒྱ་ནག་ནང་དུ་ཉེན་རྟོག་པའི་དོ་དམ་བཀག་ཉར་འོག་གནས་བཞིན་ཡོད་པ་རེད། Li Wangyang ནི་༡༩༨༩ ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་ལོ་༢༢ ལྷག་བཙོན་འཇུག་བྱས་པ་མ་ཟད། བར་ལམ་ཉེན་རྟོག་པའི་བལྟ་སྲུང་འོག་སྨན་ཁང་དུ་སྡོད་པའི་སྐབས་ཤིག་ལ་གློ་བུར་དུ་སྨན་ཁང་གི་ཉལ་ཁང་ནང་དུ་སྐེ་ལ་ཐག་པ་བརྒྱབ་ཏེ་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན་ནས་རྒྱ་ནག་གཞུང་གིས་རང་སྲོག་བཅད་པ་ཤོད་ཀྱི་ཡོད་ཅིང༌། འོན་ཀྱང་དམངས་གཙོ་དོན་གཉེར་ཅན་ཚོས་དེ་ལྟར་ངོས་ལེན་བྱེད་ཀྱི་མེད་པ་རེད།།