ཧོང་ཀོང་དམངས་གཙོ་ལས་འགུལ་བས་དྲག་གནོན་ལ་ངོ་རྒོལ།

ཧོང་ཀོང་ནང་དམངས་གཙོ་ལས་འགུལ་བ་དྲུག་གིས་ཆབ་སྲིད་ཀྱི་དྲག་གནོན་ལ་ངོ་རྒོལ་མུ་མཐུད་བྱ་རྒྱུ་ཡིན་ཞེས་སྐད་འབོད་བྱས་ཡོད་པ་རེད་༎

2010.03.18

༄༅༎ཉེ་སྔོན་ཧོང་ཀོང་ནང་དམངས་གཙོ་ལས་འགུལ་བ་དྲུག་གིས་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱི་རྒྱལ་སྒོའི་ནང་འཛུལ་ཐབས་དང་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་དོ་དམ་འཛིན་བཟུང་བྱས་པའི་རྗེས་ཁ་ས་ཁྲིམས་ཐོག་ནས་གྱོད་གཞི་གཏུགས་བཤེར་འགོ་འཚུགས་རན་པའི་སྐབས་ཁོང་རྣམས་ནས་ནག་ཉེས་ངོས་ལེན་བྱེད་རྒྱུ་མིན་པའི་ཐོག་ཧོང་ཀོང་ནང་ཆབ་སྲིད་ཀྱི་དྲག་གནོན་ལ་ངོ་རྒོལ་མུ་མཐུད་བྱ་རྒྱུ་ཡིན་ཞེས་ཁྲིམས་ཁང་གི་ཕྱི་ལ་སྐད་འབོད་བྱས་ཡོད་པ་རེད་༎

གོང་གསལ་ཧོང་ཀོང་ནང་དམངས་གཙོ་ལས་འགུལ་བ་དྲུག་པོ་དེས་རྒྱ་ནག་གཞུང་གི་་དོ་དམ་བཙོན་འཇུག་བྱས་པའི་གཞུང་ཕྱོགས་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཞིག་གློད་བཀྲོལ་འབྱུང་ཐབས་སླད་སྔ་ལོ་ཕྱི་ཟླ་༡༢པའི་ཚེས་༢༥ཡི་ཤུའི་འཁྲུངས་ཚེས་ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་སྐམ་ས་ཆེན་མོའི་འབྲེལ་མཐུད་ལས་ཁུངས་མདུན་དུ་ངོ་རྒོལ་དང་ལས་ཁུངས་ནང་སིམ་འཛུལ་བྱེད་སྐབས་ཧོང་ཀོང་གི་ས་གནས་ཉེན་རྟོག་པ་དང་འཐབ་རྒོལ་བྱུང་བའི་རྐྱེན་ཁོང་རྣམས་ལ་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པ་དང་སྤྱི་ཚོགས་ཟང་ཟིང་བཟོས་པའི་ནག་ཉེས་འོག་དོ་དམ་འཛིན་བཟུང་བྱས་ཡོད་པ་རེད་ ཧོང་ཀོང་ས་གནས་དེ་བཞིན་རྒྱ་ནག་གི་ཁྱབ་ཁོངས་ཡིན་ཡང་དམིགས་བསལ་ཆབ་སྲིད་རང་དབང་ལྡན་པའི་ས་ཁུལ་ཞིག་ཡིན་སྟབས་ཉེན་རྟོག་པས་དམངས་གཙོ་ལས་འགུལ་བའི་ཁྲོད་དྲག་གནོན་དང་འཛིན་བཟུང་བྱས་པའི་དོན་རྐྱེན་དེར་མང་ཚོགས་ཁྲོད་ནས་སྐྱོན་བརྗོད་དང་གླེང་སློང་གི་གནད་དོན་ཞིག་ཆགས་ཡོད་པ་རེད་ ཁ་ས་ཧོང་ཀོང་ས་གནས་ཉེན་རྟོག་ལས་ཁང་ནས་འཛིན་བཟུང་འོག་ཡོད་པའི་དམངས་གཙོ་ལས་འགུལ་བ་དྲུག་པོ་དེ་ཁྲིམས་ཐོག་ནས་གྱོད་གཞི་གཏུགས་བཤེར་སླད་ཁྲིམས་ཁང་དུ་འཁྲིད་ཀྱང་ཁོང་རྣམས་ནས་ནག་ཉེས་ལ་ངོས་ལེན་ནམ་ཡང་བྱ་རྒྱུ་མིན་པ་མ་ཟད་ངོ་རྒོལ་གྱི་ལས་དོན་སྤེལ་བར་བློ་གྱོད་ཅི་ནས་མེད་ལ་སྨྲ་བརྗོད་ཀྱི་ཐོབ་ཐང་ལག་བསྟར་བྱས་པ་བརྒྱུད་དམངས་གཙོ་རང་དབང་གི་དོན་དུ་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན་སྐོར་སྐད་ཤུགས་ཆེན་པོའི་ཐོག་ནས་ནན་བཤད་བྱས་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎