ཧེན་རི་ཀྲང་འོས་བསྡུ་ནས་ཕྱིར་འཐེན་དགོས་པའི་བསམ་ཚུལ།

རྒྱ་ནག་སྐམ་ས་ཆེན་མོའི་རྒྱབ་སྐྱོར་ཡོད་པའི་འོས་མི་ཧོང་ཀོང་སྤྱི་ཁྱབ་འོས་བསྡུའི་ནང་ཞུགས་འཆར་ཡོད་པ།

2012.02.23

༄༅༎རིང་མིན་ཧོང་ཀོང་ནང་ ས་གནས་སྲིད་གཞུང་གི་སྤྱི་ཁྱབས་འགན་འཛིན་གྱི་འོས་བསྡུའི་ནང་ Henry Tang ཟེར་བའི་རྒྱ་ནག་སྐམ་ས་ཆེན་མོའི་རྒྱབ་གཉེར་བྱས་པའི་འོས་མི་དེར་ ཧོང་ཀོང་གི་མི་མང་གསུམ་ཆ་གཉིས་ཀྱི་དགའ་གཞན་མེད་པ་མ་ཟད། ཁོང་འོས་བསྡུ་ནས་ཕྱིར་འཐེན་དགོས་པའི་བསམ་ཚུལ་བཟུང་གི་ཡོད་པའི་སྐོར་བསམ་ཤོག་བསྡུ་ལན་གྱི་གྲུབ་འབྲས་ནང་གསལ་འདོན་བྱུང་ཡོད་འདུག
ཧོང་ཀོང་ས་གནས་སྲིད་གཞུང་གི་ད་ལྟའི་སྤྱི་ཁྱབ་ཌོ་ནལ་ཙང་གི་ལས་དུས་ཕྱི་ཟླ་༣པའི་ནང་གཙང་གི་ཡོད་པ་དང་། ཚེས་༢༥ཉིན་སྤྱི་ཁྱབ་འགན་འཛིན་གསར་པའི་འོས་བསྡུ་བྱ་རྒྱུ་ཡིན་པ་རེད། འོས་བསྡུའི་ནང་བཞུགས་པའི་འོས་མི་གཉིས་པོ་རྣམས་ནི་ལིཨུང་ཁྲོན་དབྱིང་ཟེར་བའི་ཧོང་ཀོང་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ་དང་། ཁོང་གི་ཁ་གཏད་དུ་རྒྱ་ནག་སྐམ་ས་ཆེ་མོའི་མགོ་འཁྲིད་ཚོས་རྒྱབ་གཉེར་དང་འདམས་ག་བྱས་པའི་ཧེན་རི་ཀྲང་ཟེར་བའི་ཧོང་ཀོང་གི་ཚོང་པ་ཞིག་ཡིན་པ་རེད།  ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་གིས་  ཧོང་ཀོང་མི་མང་ཚོས་ སྤྱི་ཁྱབས་འགན་འཛིན་གྱི་འོས་མི་གཉིས་པོ་ནང་ནས་ མང་ཚོགས་ཀྱི་འོས་མི་སུ་ཞིག་འདམས་ཀ་ཡོད་མིན་སྐོར་ མི་གྲངས་༥༠༦གི་བསམ་ཤོག་བསྡུ་ལེན་བྱས་འདུག་པ་དང་  བསུམ་ཤོག་བསྡུ་ལེན་གྱི་འགྲུབ་འབྲས་ནང་ རྒྱ་ནག་སྐམ་ས་ཆེན་མོའི་རྒྱབ་གཉེར་བྱས་པའི་ཧེན་རི་ཀྲང་ཟེར་བ་དེར་འདམས་ཀ་བྱ་མཁན་མི་མང་རྒྱ་ཆ་༡༦ལས་མེད་པ་དང་ ཁོང་གི་ཁབ་ཕྱོགས་འོས་མི་ལིཨུང་ཁྲོན་དབྱིང་ལ་མི་མང་རྒྱ་ཆ་༦༤ཙམ་གྱི་འདམས་ཀ་གསལ་འདོན་བྱུང་ཡོད་པ་མ་ཟད་ཡང་གོང་གསལ་བསམ་ཤོག་བསྡུ་ལེན་གྱི་འགྲུབ་འབྲས་ནང་ མི་མང་བརྒྱ་ཆ ༦༦གི་ཧེན་རི་ཀྲང་འོས་མི་ནས་དགོངས་ཞུ་བྱ་དགོས་པའི་བསམ་ཚུལ་ཡང་གསལ་འདོན་བྱུང་འདུག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎