ཧོང་ཀོང་དུ་རྒྱ་ནག་གི་སྲིད་བློན་གཞོན་པའི་གཏམ་བཤད།

རྒྱ་ནག་གི་དངུལ་དེ་རྒྱལ་སྤྱི་ཅན་གྱི་དངུལ་དུ་འགྱུར་རྒྱུའི་ལས་དོན་ནང་ཧོང་ཀོང་གིས་དམིགས་བསལ་འགན་འཁུར་གཙོ་བོ་ལེན་དགོས་ལུགས།

2011.08.17

༄༅༎དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་བློན་གཞོན་པ་ལི་ཀེ་ཅང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་པའི་གོ་སྐབས་དང༌། རྒྱ་ནག་གི་དངུལ་དེ་རྒྱལ་སྤྱི་ཅན་གྱི་དངུལ་དུ་འགྱུར་རྒྱུའི་ལས་དོན་ནང་ཧོང་ཀོང་གིས་དམིགས་བསལ་འགན་འཁུར་གཙོ་བོ་ཞིག་ལེན་དགོས་པའི་སྐོར་བཤད་ཡོད་པ་རེད།

དེ་ཡང་ལི་ཀེ་ཅང་གིས་ཧོང་ཀོང་ནང་ཚོགས་པའི་དཔལ་འབྱོར་གྱི་ཚོགས་འདུའི་ཐོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཐོག་ལ་ཧོང་ཀོང་དང་མཉམ་ལས་བྱ་དགོས་པའི་ལས་དོན་རིམ་པ་མང་པོ་ཞིག་གསལ་བསྒྲགས་བྱས་པ་དང༌། ལས་དོན་གྱི་རིམ་པ་དེའི་ནང་དུ། ཧོང་ཀོང་གི་བཟོ་ཚོང་ལས་ཁང་རྣམས་རྒྱ་ནག་སྐམ་ས་ཆེན་པོའི་ནང་ཁྲོམ་ར་འཛུཌ་་རྒྱུ་དང༌། ཧོང་ཀོང་གྲོང་ཁྱེར་གྱི་གནས་བབ་ཚད་མཐོར་བཏང་སྟེ། རྒྱ་ནག་གི་ཡོན་དངུལ་གྱིས་ཨ་རིའི་ཌོ་ལར་གྱི་ཁ་གཏད་གཅོག་ཐུབ་པ་བྱས་ཏེ། འཛམ་གླིང་ནང་ཨ་རིའི་ཌོ་ལར་ཆེ་ཐོངས་ལྟ་བུ་རྒྱ་མིའི་ཡོན་རྒྱལ་སྤྱིའི་དངུལ་དུ་འགྱུར་རྒྱུའི་རྒྱ་ནག་གཞུང་གི་མངོན་འདོད་འགྲུབ་ཐབས་ཀྱི་ཐབས་ཇུས་ཡིན་པ་རེད།

ལི་ཀེ་ཅང་རེས་གཟའ་མིག་དམར་ཉིན་ཧོང་ཀོང་དུ་འབྱོར་བ་དང༌། དེར་ཉིན་གསུམ་རིང་འཚམས་འདྲི་དེ་ནི། ཕྱི་ལོ་གསར་པའི་ནང་རྒྱ་ནག་གི་འགོ་ཁྲིད་བཅོས་བསྒྱུར་བྱ་རྒྱུའི་དུས་ཚོད་ཡིན་སྟབས། གཙོ་བོ་ཁོང་རང་ཉིད་དྲིལ་བསྒྲགས་བྱེད་དུ་ཡོང་བའི་རྣམ་པ་གསལ་པོ་ཡོད་ཅིང༌། དེ་རིང་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་ནི་རྒྱ་ནག་གི་བདག་དབང་ཨང་གསུམ་པ་དང་ཆེ་ཤོས་ཀྱི་གནད་དོན་ཟེར་བའི་མཛད་སྒོ་ཚོགས་པའི་ཐོག་ལི་ཀེ་ཅང་མཉམ་ཞུགས་བྱས་པ་དང༌། རྒྱ་ནག་གཞུང་གིས་ད་རེས་ཀྱི་མཛད་སྒོ་དེའི་ཐོག་ཧོང་ཀོང་ནང་རྒྱ་མིའི་ཡོན་ཐེར་འབུམ་༢༠ མང་དུ་བཏང་སྟེ། ཧོང་ཀོང་ནང་ཡོན་གྱི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། དེ་སྔོན་རྒྱ་ནག་གཞུང་གིས་ཧོང་ཀོང་རྒྱ་ནག་གི་བདག་དབང་ཡིན་པའི་མཛད་སྒོ་དེ་༢༠༠༩ ལོའི་ཕྱི་ཟླ་དགུ་པ་དང༌། ༢༠༡༠ ལོའི་ཕྱི་ཟླ་༡༡ པའི་ནང་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་དུ་ཚོགས་པའི་སྐབས་ཧོང་ཀོང་གི་དངུལ་རང་གནས་ཐོག་རྒྱ་མིའི་དངུལ་ཐེར་འབུམ་དྲུག་དང་འཐེར་འབུམ་བརྒྱད་རིམ་པ་བཞིན་མང་དུ་བཏང་སྟེ་ཧོང་ཀོང་ནང་རྒྱ་མིའི་ཡོན་གྱིས་དབང་བསྒྱུར་བྱ་རྒྱུའི་ཐབས་ཇུས་འཛིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎