རྒྱ་ནག་ཉེན་རྟོག་པས་ཧོང་ཀོང་གི་གསར་འགོད་པར་ཉེས་རྡུང་།

རྒྱ་ནག་ཉེན་རྟོག་པས་ཧོང་ཀོང་གི་གསར་འགོད་པར་ཉེས་རྡུང་བཏང་བའི་གནད་དོན་ཐོག་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་འདུག

2009.09.07

༄༅༎རྒྱ་ནག་ཉེན་རྟོག་པས་ཧོང་ཀོང་གི་གསར་འགོད་པར་ཉེས་རྡུང་བཏང་བའི་གནད་དོན་ཐོག་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་འདུག ཧོང་ཀོང་གི་གསར་འགོད་པ་མི་གྲངས་བཞི་ཅུ་ཙམ་གྱིས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ལས་ཁང་མདུན་ཉིན་ཤས་སྔོན་རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་རྒྱ་མི་རིགས་ཚོས་ངོ་རྒོལ་རྔམ་སྟོན་བྱེད་པའི་གནས་ཚུལ་འགོད་མཁན་གྱི་ཧོང་ཀོང་གི་གསར་འགོད་པར་རྒྱ་ནག་ཉེན་རྟོག་པས་ཉེས་རྡུང་བཏང་བའི་གནད་དོན་ཐོག་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་རེད། ཉིན་ཤས་སྔོན་ཧོང་ཀོང་གི་གསར་འགོད་པ་ཤིན་ཅང་ནང་གསར་འགྱུར་འགོད་པའི་སྐབས་རྒྱ་ནག་ཉེན་རྟོག་པས་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་དེ་རྗེས་བསྐྱར་དུ་ཧོང་ཀོང་གི་བརྙན་འཕྲིན་ལས་ཁང་ཁག་གཅིག་གི་གསར་འགོད་པ་ལྔ་ཤིན་ཅང་ས་གནས་ནང་གསར་འགྱུར་འགོད་པའི་སྐབས་ཉེན་རྟོག་པས་བཙན་དབང་ཐོག་ནས་བཀག་ཉར་དུས་ཡུན་ཚོུད་ཕྱེད་ཀ་ཙམ་བྱས་ཡོད་པ་རེད། ཧོང་ཀོང་གསར་འགོད་པའི་ཚགོས་པའི་འགན་འཛིན་ནས་ད་རེས་ཧོང་ཀོང་གི་གསར་འགོད་པའི་ཚོགས་པས་རྒྱ་ནག་ནང་སྐམ་ས་ཆེན་མོའི་ནང་གསར་འགྱུར་འགོད་མཁན་གྱི་གསར་འགོད་པར་ཉེས་རྡུང་སོགས་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བཞི་བཏོན་གནང་ཡོད་པ་དང་དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་ཉེན་རྟོག་པས་ཧོང་ཀོང་གི་གསར་འགོད་པར་ཉེས་རྡུང་བཏང་བའི་གནད་དོན་ཐོག་འགྲེལ་བཤད་ཁ་གསལ་བརྒྱབ་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་ཡང་ཕྱིར་བསྒྲགས་གནང་ཡོད་པ་རེད། ཧོང་ཀོང་གི་གསར་འགོད་པ་ཚོ་རྒྱ་ནག་ནང་གསར་འགྱུར་འགོད་པར་བསྐྱོད་པའི་སྐབས་རྒྱ་ནག་ཉེན་རྟོག་པས་ཉེས་རྡུང་དང་དེ་བཞིན་བཀག་འགོག་བྱེད་ཀྱི་ཡོད་པའི་གནད་དོན་ཐོག་ཧོང་ཀོང་གི་གསར་འགོད་པ་ཚོས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་པར་ཧོང་ཀོང་དམིགས་བསལ་ས་གནས་གཞུང་གིས་ཧོང་ཀོང་གི་གསར་འགོད་པ་ཚོའི་ཐོབ་ཐང་སྲུང་སྐྱོབས་ཀྱི་ལས་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རྣམ་འགྱུར་བཏོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎