ཧོང་ཀོང་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར།

ཧོང་ཀོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང༌མང་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་འདུག།

2008.08.06

༄༅༎རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་དུས་ཚོད་དང་བསྟུན་ཧོང་ཀོང་ནང༌། རྟ་རྩལ་གྱི་འགྲན་བསྡུར་ཞིག་ཀྱང་བྱེད་ཀྱི་ཡོད་པ་དེའི་སྐབས། ཧོང་ཀོང་ནང་གནས་སྡོད་རྒྱ་རིགས་ལོ་ན་༢༡ ལ་སོན་པའི་ཆན་ཞེས་པས་བོད་ཀྱི་གནད་དོན་ཐོག་མང་ཚོགས་ནས་གོ་རྟོགས་སྤེལ་ཐབས་སུ་དམིགས་ནས་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག། དེ་ཡང་ཁོ་མོས། རེས་གཟའ་སྤེན་པའི་ཉིན་རྟ་རྩལ་གྱི་ལྟད་མོ་ལྟ་བར་འགྲོ་རྒྱུའི་ལག་འཁྱེར་ཉོས་ཡོད་སྟབས་ཁོང་ཚོས་ང་འཛིན་བཟུང་བྱེད་ཐུབ་ཀྱི་མ་རེད། ངས་ལྟད་མོ་བ་ཚོར་བོད་ནང་ཉེ་ཆར་ཕྱི་ཟླ་གསུམ་པཔའི་ནང༌། དྲག་གནོན་བྱས་པའི་གནས་སྟངས་ངོ་སྤྲོད་བྱེད་རྒྱུ་ཡིན་ལ་རྒྱ་ནག་ནང་། ཨོ་ལིམ་པིག་རྩེད་འགྲན་ཚོགས་རྒྱུ་དེ་ཡང་དགའ་སྒོམ་བྱེད་འོས་པ་ཞིག་ཀྱང་མ་རེད། དེ་ལས་རྒྱ་ནག་གཞུང་ནས་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་སྲུང་བརྩི་ཞུ་དགོས་རྒྱུ་དེ་གལ་ཆེ་བ་རེད་ཅེས་འགྲེལ་བརྗོད་བྱས་འདུག།

ཆན་གྱིས་ལོ་འདིའི་ཕྱི་ཟླ་བཞི་པའི་ནང༌། ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ཧོངཀོང་ནང་བསྐོར་སྐྱོད་བྱེད་པའི་སྐབས་བོད་དོན་ཆེད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གཙོ་བོ་དེ་ཡིན་པ་དང༌། དེ་ནས་བཟུང་ཁོ་མོའི་ལས་འགུལ་ག་རེ་སྤེལ་ཡང་དེར་འགོག་རྐྱེན་འཕྲད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

དེ་དང་ཕྱོགས་མཚུངས་ཧོང་ཀོང་གི་རྒྱལ་ཞེན་ལྡན་པའི་མང་གཙོའི་ལས་འགུལ་ཚོགས་པའི་ཚོགས་གཙོ་ཛེ་དྲོ་ ཡཧས་གསུངས་པར་ལྟར་ན། ཁོང་གི་ཚོགས་པའི་ངོས་ནས་ཀྱང་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་འདུག། ཁོང་གིས། གལ་སྲིད་རྒྱ་ནག་གི་མི་མང་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་ཡིན་ན་ཨོ་ལིམ་པིག་རྩེད་འགྲན་ཚོགས་ནའང་དོན་མེད་རེད། བློ་ཕམ་པ་ཞིག་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང༌། མང་གཙོའི་ཐོག་ཡར་རྒྱས་གཏོང་རྒྱུ་བཞག་ནས་ཉེ་བའི་དུས་ཚོད་ནས་ད་དུང་དམ་བསྒྲགས་ཆེ་རུ་ཕྱིན་ཡོད་རེད་ཅེས་སྐྱོན་བརྗོད་བྱས་པ་སོགས་གང་ལྟར་ཕ་ལུང་ཀུང་ཙམ་མ་གཏོགས་ཧོང་ཀོང་ནང་ཡོད་པའི་དོན་གཉེར་བ་ཁག་ཅིག་ནས་ཨོ་ལིམ་པིག་རྩེད་འགྲན་འགོ་བཙུགས་པ་ནས་བཟུང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎