ཧོང་ཀོང་སློབ་གྲྭ་ཆེན་མོའི་ནང་དྲུག་བཞིའི་སྐོར་བགྲོ་གླེང༌།

རྒྱ་གཞུང་གིས་དྲུག་བཞིའི་དོན་རྐྱེན་དེར་དག་སེལ་བྱེད་དགོས་མིན་སྐོར་ཧོང་ཀོང་སློབ་ཕྲུག་ཁྲོད་འོས་ཤོག་འཕེན་པའི་ལམ་ནས་བསམ་ཚུལ་སྡུ་ལེན།

2009.04.14

༄༅༎ཧོང་ཀོང་ནང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱིས་ལོ་ངོ་ཉི་ཤུའི་གོང་རྒྱ་ནག་གཞུང་གིས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ་དེར་དག་སེལ་བྱེད་དགོས་མིན་སྐོར་སློབ་ཕྲུག་ཁྲོད་འོས་ཤོག་འཕེན་པའི་ལམ་ནས་བསམ་ཚུལ་སྡུ་ལེན་བྱེད་བཞིན་ཡོད་པ་རེད།

ལོ་ངོ་ཉི་ཤུའི་གོང་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སློབ་ཕྲུག་གཙོ་བོར་གྱུར་བའི་རྒྱ་ནག་ནང་གི་ལས་རིགས་འདྲ་མིན་གྱི་མི་སྣ་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུའི་དགོས་འདུན་བཏོན་ནས་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་སྟེ་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་ཡིན་ན་ཡང་ད་བར་རྒྱ་ནག་གཞུང་གིས་དོན་རྐྱེན་དེར་དག་སེལ་བྱ་རྒྱུའི་འདོད་ཚུལ་རྩ་བ་ནས་བཏོན་གྱི་མེད་པའི་ཁར་གཞུང་ཕྱོགས་ནས་ཞི་བའི་དགོས་འདུན་བཏོན་མཁན་གྱི་སློབ་ཕྲུག་ཐོག་དྲག་གནོན་བྱས་པ་དེ་ནི་ཡང་དག་པའི་སྲིད་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཉིན་ཤས་སྔོན་ཧོང་ཀོང་སློབ་གྲྭ་ཆེན་མོའི་ནང་དྲུག་བཞིའི་དོན་རྐྱེན་དེའི་དུས་དྲན་ཟིན་གྲབས་ཡོད་པའི་དུས་དང་སྟུན་ནས་དྲན་གསོའི་ལས་འགུལ་སྤེལ་བའི་སྐབས་སློབ་ཕྲུག་ཁྲོད་ཁག་ཅིག་གིས་སྐབས་དེ་དུས་སློབ་ཕྲུག་ཚོས་རང་འགུལ་གྱིས་འདུ་འཛོམས་མཚམས་འཇོག་བྱས་ཚེ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་དགོས་དོན་མེད་ལུགས་ཀྱི་གཏམ་བཤད་སྤེལ་བར་སློབ་ཕྲུག་གཞན་དང་དེ་མིན་དམངས་གཙོ་དོན་གཉེར་བ་ཚོས་སྐྱོན་བརྗོད་ཤུགས་ཆེ་ཕོག་ཡོད་པ་དང་ཆབས་ཅིག་ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱིས་གཏམ་བཤད་དེ་རིགས་སྤེལ་མཁན་གྱི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གི་འཐུས་མི་སློབ་ཕྲུག་མཐུན་ཚོགས་ནས་ཕྱིར་འབུད་བྱ་རྒྱུ་དང་འབྲེལ་རྒྱ་ནག་གཞུང་གིས་ལོ་ངོ་ཉི་ཤུའི་གོང་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེར་དྲག་གནོན་བྱས་པར་དག་སེལ་བྱེད་དགོས་མིན་གྱི་གནད་དོན་ཐོག་སློབ་ཕྲུག་ཁྲོད་རང་སོ་སོའི་བསམ་ཚུལ་འོས་བསྡུ་བྱས་ནས་ཉིན་གྲངས་གསུམ་ཙམ་འགྲོ་གི་ཡོད་པ་དང་ལས་དོན་དེ་ད་དུང་ཡང་མུ་མཐུད་ནས་སྤེལ་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎