ཧོང་ཀོང་ཁྲིམས་ཁང་ལ་གཏུཊ་པའི་ནག་ཉེས་ངོས་ལེན་བྱས་མི་འདུག


2016.07.22
ཧོང་ཀོང་གི་སློབ་ཕྲུག་ཚོའི་འགོ་ཁྲིད་Joshua Wong་དང་། Alex Chow, Nathan Law་གསུམ་ཁྲིམས་ཁང་མདུན། ༢༠༡༦།༧།༢༡ ཧོང་ཀོང་གི་སློབ་ཕྲུག་ཚོའི་འགོ་ཁྲིད་Joshua Wong་དང་། Alex Chow, Nathan Law་གསུམ་ཁྲིམས་ཁང་མདུན། ༢༠༡༦།༧།༢༡
Photo: RFA

སྔ་ལོ་ཧོང་ཀོང་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་མཁན་སློབ་ཕྲུག་ཚོའི་འགོ་ཁྲིད་Billy Fung་ལ་ཚེས་༢༡་ཉིན་ནག་ཉེས་སྣ་མང་བཙུགས་ན་ཡང་ཚེས་༢༢་ཉིན་ཁོང་གིས་ནག་ཉེས་དེ་དག་ལ་ངོས་ལེན་གནང་མིན་འདུག
དེ་ཡང་སྔ་ལོར་ཧོང་ཀོང་ནང་གི་སློབ་ཕྲུག་ཚོས་སྣེ་ཁྲིད་དེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནད་དོན་ཐོག་ཁྲིམས་ཁང་ནང་ཁ་མཆུ་བཙུགས་པ་དེ་དག་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་སྟངས་འཛིན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བའི་ཞེད་སྣང་དངངས་ཚབ་ཆེ་རུ་འགྲོ་བཞིན་པ་འདིའི་སྐབས་སུ་བྱུང་ཡོད་ཅིང་། སྔ་ལོ་ཧོང་ཀོང་ནང་གཙོ་བོ་སློབ་ཕྲུག་ཚོས་སྣེ་འཁྲིད་ཀྱིས་Umbrella Revolution་ཞེས་ཉི་གདུགས་ཀྱི་གསར་བརྗེའི་ལས་འགུལ་ཞེས་པའི་ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་འགོ་ཁྲིད་གྲས་ཤིག་ཡིན་པ་ཧོང་ཀོང་གཙུག་ལག་སློབ་གྲ་ཆེན་མོའི་སློབ་ཕྲུག་་ཚོགས་པའི་ཚོགས་གཙོ་ཟུར་པ་Billy་Fung་ཡིས་སྣེ་འཁྲིད་འོག་གཙུག་ལག་སློབ་གྲ་ཆེན་མོ་དེའི་ལྷན་ཁང་ནང་། སློབ་ཕྲུག་ཚོ་འཛུལ་ཞུགས་ཀྱིས་རྒྱ་ནག་གཞུང་ལ་དགའ་ཞེན་ཆེ་བའི་Arthur་Li་མཐོ་སློབ་དེའི་འཛིན་སྐྱོང་དཔོན་རིགས་མཐོ་གྲས་ལ་བསྐོ་བཞགས་བྱས་པར་ངོ་རྒོལ་བྱས་པའི་ནག་ཉེས་བཙུགས་འདུག
དེ་ནི་ཧོང་ཀོང་གི་སློབ་ཕྲུག་ཚོའི་འགོ་ཁྲིད་Joshua Wong་ལ་གོང་དང་མཚུངས་པའི་ནག་ཉེས་བཙུགས་ནས་ཉིན་གཅིག་གི་རྗེས་སུ་བྱུང་བ་ཞིག་ཡིན་སྟབས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཧོང་ཀོང་གི་སློབ་ཕྲུག་ཚོའི་འགོ་ཁྲིད་Joshua Wong་དང་། Alex Chow་དེ་བཞིན་NathanLaw་བཅས་ལ་ནག་ཉེས་བཙུགས་པ་དེ་དག་ནི་ངེས་གསལ་མེད་པ་དང་། དེ་དག་ནི་གཙོ་བོ་ཆབ་སྲིད་ཐོག་ནས་དགྲ་ཤ་ལེན་ཕྱིར་ཐལ་ལྕགས་གཞུས་པ་ལྟ་བུ་ཡིན་ལུགས་གསུངས་ནས་ངོ་རྒོལ་དྲག་པོ་གནང་འདུག
ད་རིང་ཁྲིམས་ཁང་དེའི་ཕྱི་ལ་སློབ་ཕྲུག་ཚོའི་འགོ་ཁྲིད་Billy Fung་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་འདུ་འཛོམས་བྱས་བ་དང་། སྐབས་དེར་ཁོང་གིས་ཁྲིམས་ཁང་ནས་ཁོང་ལ་འཇིགས་སྐུལ་དང་སྤྱི་པའི་ས་ཆར་གོ་རིམ་མེད་པའི་སྤྱོད་ཚུལ་བཏོན་པ། སྐྱོན་ཆགས་བཏང་བ། དེ་བཞིན་བཙན་ཤེད་ཐོག་ནས་འཛུལ་བཞུགས་བྱས་པ་བཅས་ཀྱི་ནག་ཉེས་བཞི་བཙུགས་པ་དེ་དག་ལ་ངོས་ལེན་གནང་མེད་པ་དང་། ད་ཆ་སློབ་ཕྲུག་གཞན་ཚོར་དམིགས་ཚད་ཟིན་ནས་ཉེས་ཆད་གཏོང་སྲིད་པའི་ཞེད་སྣང་གནང་གི་ཡོད་སྐོར་གསུངས་འདུག
ད་རིང་ཁོང་གིས་ཨ་སྒོར་༡༣༠༠་གཏའ་མར་བཞག་སྟབས་དོ་དམ་འོག་ནས་གློད་བཀྲོལ་ཐོབ་ན་ཡང་འདི་ལོའི་ཕྱི་ཟླ་དགུ་པའི་ནང་ཡང་བསྐྱར་སྔོན་འགྲོའི་ཁྲིམས་ཞིབ་ཆེད་ཁྲིམས་ཁང་ལ་བཅར་དགོས་ཀྱི་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎