ཧོང་ཀོང་ནང་དོགས་གཞི་ཡོད་པའི་མི་བཅུ་ལ་བརྟག་དཔྱད།

ཧོང་ཀོང་གི་འཕྲོད་བསྟེན་ལས་བྱེད་པ་ཚོས་ཆམ་རིམས་འགོས་པའི་དོགས་གཞི་བྱེད་སའི་ནད་པ་བཅུ་ལ་བརྟག་དཔྱད་གནང་བཞིན་ཡོད་པའི་སྐོར།

2009.05.03

༄༅༎ཁ་ས་ཧོང་ཀོང་གི་འཕྲོད་བསྟེན་ལས་བྱེད་པ་ཚོས་ཨེཇ་༡ཨེན་༡ཞེས་པའི་ཆམ་རིམས་འགོས་པའི་དོགས་གཞི་བྱེད་སའི་ནད་པ་བཅུ་ལ་བརྟག་དཔྱད་གནང་བཞིན་ཡོད་པའི་སྐོར་གསུངས་འདུག

འཕྲོད་བསྟེན་སྲུང་སྐྱོབ་ལྟེ་གནས་ཁང་གི་འགན་འཛིན་ཐོ་མ་སེ་ཚང་གིས་རིམས་ནད་འགོས་ཁྱབ་ཕྱིན་པའི་ས་གནས་ཁག་ལ་འགྲུལ་བཞུད་བྱས་ནས་ཧོང་ཀོང་ནང་ཕྱིར་ལོག་བྱས་པའི་མི་འགའ་ཤས་ལ་ཆམ་རིམས་ལྟ་བུའི་ནད་རྟགས་ཐོན་པའི་མི་གྲངས་བཅོ་ལྔ་ལ་བརྟག་དཔྱད་བྱས་རྗེས་ནད་པ་ལྔ་ལ་ནད་རྟགས་ཐོན་མེད་པ་དང་དེ་མིན་བཅུ་ལ་བརྟག་དཔྱད་མུ་མཐུད་བྱེད་བཞིན་ཡོད་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་བཞག རེས་གཟའ་པ་སངས་ཉིན་ཧོང་ཀོང་ནང་གནས་སྡོད་བྱེད་མཁན་མེཀ་སི་ཀོའི་ཡུལ་མི་ལོ་གྲངས་ཉི་ཤུ་རྩ་ལྔ་བྱས་པ་ཞིག་ལ་ཨེཇ་༡ཨེན་༡ཆམ་ནད་ཀྱི་ནད་རྟགས་ཐོན་ཡོད་པ་དེ་ནི་ཨེ་ཤེ་ཡའི་ནང་རིམས་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐོག་མ་དེ་ཡིན་པ་དང་ཁ་ས་བར་མི་དེའི་གནས་སྟངས་བརྟན་པོ་ཡོད་པའི་སྐོར་འཕྲོད་བསྟེན་སྲུང་སྐྱོབ་ལྟེ་གནས་ཁང་གི་འགན་འཛིན་ཐོ་མ་སེ་ཚང་གིས་གསུངས་འདུག

མེཀ་སི་ཀོའི་ཡུལ་མི་ནད་པ་དེ་གནས་སྡོད་བྱེད་སའི་མགྲོན་ཁང་གི་ལས་བྱེད་པ་དང་འགྲུལ་པ་སུམ་བརྒྱ་ཙམ་ཡོད་པ་དེ་རྣམས་ཉིན་བདུན་རིང་ཟུར་བཀག་བྱས་ཡོད་ནའང་མགྲོན་ཁང་ལ་ཕྱིར་ལོག་མ་བྱས་པའི་འགྲུལ་པ་ལྔ་བཅུ་ཙམ་ཡོད་པ་དེ་ཚོ་ད་ཆ་ག་བར་ཡོད་མེད་རྩད་གཅོད་བྱེད་བཞིན་ཡོད་པ་དང་ཁོང་ཚོ་ཧོང་ཀོང་ནས་ཕྱིར་ཐོན་བྱེད་མ་ཐུབ་པའི་ཆེད་དུ་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱི་ལས་བྱེད་པ་ཚོར་ཁོང་ཚོའི་མིང་ཐོ་སྤྲད་ཡོད་པའི་སྐོར་འཕྲོད་བསྟེན་འགན་འཛིན་ཚང་གིས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎