ཧོང་ཀོང་ནང་དམངས་གཙོ་རྒྱབ་སྐྱོར་བ་ཚོས་རྒྱ་གཞུང་ལ་ངོ་རྒོལ།

རྒྱ་གཞུང་གི་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་རྡུང་བརྡེག་གཏོང་ཤུགས་ཆེ་རུ་གཏོང་བཞིན་པར་ཧོང་ཀོང་ནང་ངོ་རྒོལ་བྱས་འདུག

2009.08.09

༄༅༎ཧོང་ཀོང་ནང་རྒྱ་ནག་གཞུང་གིས་ཉེ་བའི་ཆར་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་རྡུང་བརྡེག་གཏོང་ཤུགས་ཆེ་རུ་གཏོང་བཞིན་པར་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ་རེད།

དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་མཁན་མི་གྲངས་ཉི་ཤུ་རྩ་གྲངས་ཤིག་གིས་གཟའ་ཉི་མའི་ཉིན་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ལས་ཁང་མདུན་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་ཞེས་འཁོད་པའི་འཕྲེད་དར་སོགས་འཁྱེར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་ངོ་རྒོལ་ནང་བཞུགས་མཁན་ཧོང་ཀོང་དམངས་གཙོ་ཚོགས་པའི་ཚོགས་མི་ཨེལ་སྦ་ཏེ་ཧོ་ནས་གསུངས་ན་ང་ཚོས་རང་དབང་གི་ས་ཆ་ནས་རང་ཉིད་ཀྱི་སྟོབས་ཤུགས་བེད་སྤྱོད་བྱས་ཏེ་རྒྱ་ནག་རྨོངས་གཉིད་ལས་སློང་ཐབས་བྱ་རྒྱུ་ཡིན་པ་གསུངས་བཞག ངོ་རྒོལ་བ་ཚོས་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པ་དང་དེ་ཚོའི་ནང་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་གཅིག་ནང་ཚུད་འཛིན་བཟུང་དོ་དམ་བྱས་པའི་དམངས་གཙོ་དོན་གཉེར་བ་ཧོང་ཆིའི་དང་ཐན་ཙོག་རན་དེ་བཞིན་ཁྲིམས་རྩོད་པ་ཞུའུ་ཀྲེད་ཡུང་བཅས་ཕྲལ་དུ་གློག་འགྲོལ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་ཡིན་ནའི་ཨེ་པི་གསར་འགྱུར་བརྒྱུད་ལམ་གྱིས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ལས་ཁང་ལ་ཁ་པར་བརྒྱུད་ནས་གོང་ཞུས་གནས་ཚུལ་ཐོག་སྐད་ཆ་འདྲིས་པའི་སྐབས་ལས་ཁང་དེའི་ལས་བྱེད་ཅིག་གིས་འབྲེལ་ཡོད་དཔོན་རིགས་གཞུང་ལས་ཁང་ནང་མེད་ལུགས་ཀྱིས་གནད་དོན་ལ་ལན་འདེབས་བྱ་ཐབས་མེད་པ་འགྲེལ་བརྗོད་བྱས་ཡོད་འདུག རྒྱ་ནག་གཞུང་གིས་འཛིན་བཟུང་དོ་དམ་བྱེད་བཞིན་པའི་གོང་ཞུས་མི་སྣ་གསུམ་ནང་ནས་གཉིས་ནི་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་ཚེ་ཕོག་པའི་སྐབས་མི་གྲངས་ཁྲི་དགུ་ལྷག་ཙམ་གྱི་ཚེ་སྲོག་ཤོར་བའི་གནད་དོན་ཐོག་བརྟག་དཔྱད་བྱས་པའི་གནད་དོན་གྱིས་རྐྱེན་པས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་གྱི་ཉེས་བཙུགས་ཐོག་ནས་དེང་སྐབས་ཁྲིམས་ཞིབ་བྱེད་བཞིན་ཡོད་པ་དང་གཞན་ཁྲིམས་རྩོད་པ་ཞུའུ་ཀྲེ་ཡུང་གིས་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་བ་རྒྱ་ནག་གཞུང་གིས་བཙོན་འཇུག་དོ་དམ་བྱས་པ་ཚོར་ཁྲིམས་ཐོག་ནས་རོགས་རམ་གནང་གི་ཡོད་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎