ཧོང་ཀོང་ནང་གི་མི་མང་གི་ལས་འགུལ་གཞི་རྒྱ་ཇེ་ཆེ་ཡིན་པས་ཨ་རིའི་མི་སེར་ཧོང་ཀོང་ནང་བསྐྱོད་རྒྱུར་གཟབ་དགོས་ཟེར།


2019.08.08
ཧོང་ཀོང་ནང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༨།༥ ཧོང་ཀོང་ནང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་སྐབས། ༢༠༡༩།༨།༥
AP

ཧོང་ཀོང་ནང་མི་མང་གི་ངོ་རྒོལ་གྱི་ལས་འགུལ་དེ་གཞི་རྒྱ་ཆེ་རུ་འགྲོ་བཞིན་པར་སོང་ཨ་མི་རི་ཀས་ཨ་རིའི་ཡུལ་མི་ཚོར་ཧོང་ཀོང་ནང་འགྲོ་བསྐྱོད་བྱ་རྒྱུར་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་འདུག
དེ་ཡང་ཉེ་ལམ་ནས་ཧོང་ཀོང་ནང་མི་མང་གི་ངོ་རྒོལ་གྱི་ལས་འགུལ་དེ་གཞི་རྒྱ་ཆེ་རུ་འགྲོ་བཞིན་པར་སོང་ཨ་མི་རི་ཀས་ཨ་རིའི་ཡུལ་མི་ཚོར་ཧོང་ཀོང་ནང་འགྲོ་བསྐྱོད་བྱ་རྒྱུར་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། ཧོང་ཀོང་མི་དམངས་ཚོས་ཀྱང་ད་དུང་མུ་མཐུད་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་ལུགས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འདས་པའི་ཟླ་བ་གཉིས་ཙམ་ནས་བཟུང་། ཧོང་ཀོང་མི་མང་སྟོང་ཕྲག་མང་པོ་སྲང་ལམ་ནང་ཐོན་ནས་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་ལ་ངོ་རྒོལ་བྱས་ཡོད་ཀྱང་། ད་ཆ་ངོ་རྒོལ་བའི་དགོས་འདུན་དེ་ཆེ་རུ་ཕྱིན་ནས་ཧོང་ཀོང་ལ་མང་གཙོ་ཚད་ལྡན་ཞིག་དགོས་པའི་དགོས་འདུན་བཏོན་ནས་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ནང་བཀོད་པར་གཞིགས་ན། ཧོང་ཀོང་གི་ངོ་རྒོལ་བས་ས་གནས་ཉེན་རྟོག་པས་ཆོག་མཆན་སྤྲད་པའི་ས་ཁུལ་ཙམ་མིན་པར་ཆོག་མཆན་མེད་པའི་ས་ཁུལ་ཁག་ནང་ལའང་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཉེན་རྟོག་པར་ཁ་གཏད་གདོང་ལེན་བྱེད་བཞིན་པ་དང་། རྔམ་སྟོན་ཁྲོམ་སྐོར་བྱ་མཁན་ཚོས་སྔོན་བརྡ་གང་ཡང་མ་བཏང་བ་དང་།  མཚམས་རེར་སྔོན་བརྡ་ཕྲན་བུ་བཏང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པར་སོང་ཧོང་ཀོང་ནང་གནས་སྐབས་འགྲོ་བསྐྱོད་མ་བྱས་ན་ལེགས་པ་ཡོད་པའི་ཉེན་བརྡ་བཏང་འདུག
ཨ་རིའི་ཉེན་བརྡ་དེ་ནི་ཉེན་བརྡའི་ཚད་གཞི་མཐོ་ཤོས་ཨང་རིམ་བཞིའི་ནང་ནས་ཚད་གཞི་གཉིས་པའི་ཉེན་བརྡ་དེ་ཡིན་འདུག
ཨ་རི་ཙམ་མིན་པར་ཨོ་སི་ཀྲོ་ལི་ཡའི་གཞུང་ནས་ཀྱང་ཧོང་ཀོང་ནང་འགྲོ་བསྐྱོད་བྱས་ན་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད། ཧོང་ཀོང་ནང་གི་མི་མང་གི་ངོ་རྒོལ་གྱི་ལས་འགུལ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ལ་གདོང་ལེན་ཆེ་ཤོས་བྱ་དགོས་པ་ཞིག་ཆགས་ཡོད་པ་རེད།
ཧོང་ཀོང་དང་མའེ་ཁོ་(Macau)་ལས་དོན་ལྷན་ཁང་གིས། ངོ་རྒོལ་གྱི་ལས་འགུལ་དེ་ནི་ཕྱི་ལོ་༡༩༩༧་ལོར་ཧོང་ཀོང་རྒྱ་ནག་གིས་རྩིས་ལེན་བྱས་པའི་རྗེས་སུ་དུས་ཚོད་གཉན་འཕྲང་ཆེ་ཤོས་དེ་ཆགས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ད་དུང་བདུན་ཕྲག་འདིའི་གཟའ་མཇུག་ཏུ་ ཧོང་ཀོང་གི་རྫོང་མང་པོའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། དེ་བཞིན་རེས་གཟའ་པ་སངས་ནས་བཟུང་ཉིན་གསུམ་རིང་ཧོང་ཀོང་གི་རྒྱལ་སྤྱིའི་གནམ་ཐང་དུ། མི་མང་ཁྱོན་ཆེ་མཉམ་འཛོམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་འཆར་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎