ཧོང་ཀོང་ནང་གི་ལས་འགུལ་བ་གྲགས་ཅན་ཁག་གཅིག་འཛིན་བཟུང་།


2019.08.30
ཧོང་ཀོང་གི་ལས་འགུལ་བ་གྲགས་ཅན་སྐུ་ཞབས་(Joshua Wong)་དང་(Agnes Chow)་གཉིས་ཁྲིམས་ཁང་དུ་ཁྲིད་བཞིན་པ། ༢༠༡༨།༨།༣༠
Reuters

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ལས་འགུལ་བ་གྲགས་ཅན་གཉིས་གཙོས་ལས་འགུལ་བ་ཁག་གཅིག་འཛིན་བཟུང་བྱས་འདུག
སྐུ་ཞབས་(Joshua Wong)་དང་(Agnes Chow)་གཉིས་འདི་ཚེ་༣༠འི་སྔ་དྲོར་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཞིང་། ཉིན་དེའི་ཕྱི་དྲོར་གཏའ་དངུལ་བཞག་ནས་གློད་གྲོལ་བྱུང་འདུག
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ལས་འགུལ་བ་གྲགས་ཅན་སྐུ་ཞབས་(Joshua Wong)་དང་(Agnes Chow)་གཉིས་འདི་ཚེ་༣༠འི་སྔ་དྲོར་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཞིང་། ཉིན་དེའི་ཕྱི་དྲོར་གཏའ་དངུལ་བཞག་ནས་གློད་གྲོལ་བྱུང་འདུག
ཧོང་ཀོང་ནང་གི་སྤྱི་དམངས་རང་དབང་ཚོགས་པ་ཞིག་ནས། རེས་གཟའ་སྤེན་པའི་ཉིན་སླར་ཡང་རྔམ་སྟོན་ཁྲོམ་སྐོར་གྱི་འདུ་འཛོམས་ལས་འགུལ་རྒྱ་ཆེ་ཞིག་སྤེལ་རྒྱུའི་བཀའ་ཁྲོལ་ཞུས་ཀྱང་། དེ་ལ་ཆོག་མཆན་མ་ཐོབ་པའི་རྗེས། འདི་ཚེས་༣༠་རེས་གཟའ་པ་སངས་ཉིན། ཉེན་རྟོག་པས་ཁྲིམས་འགལ་གྱི་འདུ་འཛོམས་ལ་སོགས་པ་སྔོན་འགོག་ཆེད། ཧོང་ཀོང་ནང་གི་ལས་འགུལ་བ་གྲགས་ཅན་(Joshua Wong)་དང་(Agnes Chow)་གཙོས་པའི་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་འདི་ཚེས་༣༠འི་སྔ་དྲོར་དོ་དམ་འཛིན་བཟུང་བྱས་ཡོད་པ་ཧྥ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད།
ཉེན་རྟོག་པས་ཁོང་གཉིས་ལ་ཆོག་མཆན་མེད་པར་འདུ་འཛོམས་ཀྱི་ལས་འགུལ་སྐུལ་སློང་བྱས་པ་སོགས་ཉེས་མིང་གསུམ་བཙུགས་ཡོད་པ་དང་། ཚེས་༣༠འི་ཕྱི་དྲོར་ཁོང་གཉིས་གཏའ་དངུལ་གྱི་ཁག་ཐེག་འོག་གློད་གྲོལ་བྱུང་འདུག ཡིན་ཡང་རིང་མིན་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ཁྲིམས་བཤེར་བྱ་རྒྱུ་དང་། ནག་ཉེས་ར་སྤྲོད་བྱུང་ཚེ་ལོ་ལྔའི་བཙོན་འཇུག་གི་ཉེས་ཆད་ཕོག་རྒྱུ་ཡིན་འདུག
སྔོན་འཆར་ལྟར་ན། (Civil Human Rights Front)་འམ་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་མདུན་སྐྱོད་ཚོགས་པ་ཞེས་པས། ༢༠༡༤་ལོར་ཧོང་ཀོང་ནང་ཉི་གདུགས་ཀྱི་ལས་འགུལ་ཞེས་སྤྱི་དམངས་འོས་བསྡུའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་བྱུང་ནས་ལོ་ལྔ་འཁོར་བའི་དུས་ཚིག་སྲུང་བརྩི་དང་སྟབས་བསྟུན། རེས་གཟའ་སྤེན་པའི་ཉིན། མི་དམངས་འདུ་འཛོམས་ཀྱི་གོམ་མགྲོད་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ཞུས་ཡོད་པ་རེད། འོན་ཀྱང་ཉེན་རྟོག་ལས་ཁུངས་ནས་དེ་ལ་བཀའ་འཁྲོལ་མ་སྤྲད་པར་བརྟེན་གྲོམ་བགྲོད་ཀྱི་ལས་འགུལ་ཕྱིར་འཐེན་མི་བྱེད་ཐབས་མེད་ཆགས་ཡོད་པའི་སྐོར་གོང་གསལ་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་མདུན་སྐྱོད་ཚོགས་པའི་ཚོགས་མི་(Bonnie Leuang)་ཞུ་བས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎