མཇར་མན་གྱི་སྲིད་བློན་མཆོག་གིས་པེ་ཅིང་ནས་ཧོང་ཀོང་སྐོར་གླེང་འདུག


2019.09.06
མཇར་མན་(Germany)་གྱི་སྲིད་བློན་ལྕམ་(Angela Merkel)་མཆོག་པེ་ཅིང་དུ། ༢༠༡༩།༩།༦ མཇར་མན་(Germany)་གྱི་སྲིད་བློན་ལྕམ་(Angela Merkel)་མཆོག་པེ་ཅིང་དུ། ༢༠༡༩།༩།༦
AP

མཇར་མན་(Germany)་གྱི་སྲིད་བློན་ལྕམ་(Angela Merkel)་མཆོག་གིས་ཧོང་ཀོང་ནང་དམངས་ཚོགས་ཀྱི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་ཀྱི་འགན་ལེན་དགོས་པ་པེ་ཅིང་ནས་གསུངས་འདུག
མཇརར་མན་གྱི་སྲིད་བློན་ལྕམ་(Angela Merkel)་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཉིན་གྲངས་གསུམ་རིང་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་དང་། ཁོང་རྒྱ་ནག་ཏུ་ཕེབས་ཐོན་མ་གནང་གོང་ཧོང་ཀོང་གི་ལས་འགུལ་བ་ཚོས་སྲིད་བློན་མཆོག་ནས་རྒྱ་ནག་གི་དབུ་ཁྲིད་ལྷན་དང་མཇལ་འཕྲད་སྐབས། ཧོང་ཀོང་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་གྱི་གླེང་སློང་གནང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ཚེས་༦་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆང་(Le Keqiang)་དང་མཇལ་མོལ་གྲུབ་མཚམས་སུ། ལྕམ་(Angela Merkel)་མཆོག་གིས་ཧོང་ཀོང་མི་དམངས་ཀྱི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་ཀྱི་འགན་ལེན་དགོས་པ་དང་། ཧོང་ཀོང་གི་གནད་དོན་འདི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་ཞིག་དང་། རྩུབ་སྤྱོད་ཀྱི་བྱ་བ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་ལུགས་གསུངས་ཡོད་པའི་སྐོར་སྲིད་བློན་མཆོག་གི་མགྲིན་ཚབ་པ་(Steffen Seibert)་ཞུ་བས་(Twitter)་དྲ་ཚིགས་ཐོག་གསུངས་གནང་འདུག
མཇར་མན་གྱི་སྲིད་བློན་མཆོག་དང་ཁོང་གིས་སྣེ་ཁྲིད་གནང་པའི་ཚོང་པའི་སྐུ་ཚབ་ཚོགས་པ་རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་པེ་ཅིང་དུ་འབྱོར་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་ན། ད་རེས་ཀྱི་འཚམས་གཟིགས་སྐབས་ནམ་རྒྱུན་དང་མི་འདྲ་བར་རྒྱ་ནག་གཞུང་ནས་གསར་འགོད་པ་ཚོས་མཇར་མན་གྱི་སྲིད་བློན་མཆོག་ལ་གནས་ཚུལ་བཀོད་སྤེལ་གྱི་བཅར་འདྲི་ཞུ་རྒྱུའི་གོ་སྐབས་ལ་སྟངས་འཛིན་བྱས་སྟེ། གསར་འགོད་པ་ཉུང་ཤས་ལ་མ་གཏོགས་ངོ་སྤྲོད་ལག་འཁྱེར་སྤྲད་མེད་པ་དང་། མཇར་མན་གྱི་གསར་འགོད་མཐུན་ཚོགས་ནས་དེར་དགག་པ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
འདི་ཚེས་༦་རེས་གཟའ་པ་སངས་ཉིན། མཇར་མན་གྱི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་(Xi Jinping)་ལྷན་དང་མཇལ་འཕྲད་གནང་ཡོད་པ་དང་། མཐོ་རིམ་སློབ་མ་རྣམས་ལ་གཏམ་བཤད་གནང་ཡོད་པ་མ་ཟད། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཝོ་ཧན་(Wuhan)་གྲོང་ཁྱེར་དུ་ས་གནས་ཀྱི་ཚོང་པའི་ལྷན་ཚོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཧོང་ཀོང་ནང་ཟླ་བ་ཁ་ཤས་རིང་བསྟུད་མར་མི་དམངས་ཀྱིས་ངོ་རྒོལ་བྱས་བའི་རྗེས་དྭོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ་སྤྱི་ཟླ་༩་བའི་ཚེས་༤་ཉིན་སྤྱི་ཁྱབ་པས་བསྒྲགས་ཡོད་ན་ཡང་། ངོ་རྒོལ་ལས་འགུལ་ཚོས་དགོས་འདུན་དོན་ཚན་ལྔ་བོ་མ་འགྲུབ་བར་ངོ་རྒོལ་མཚམས་འཇོག་བྱེད་རྒྱུ་མིན་ལུགས་བཤད་ནས། མུ་མཐུད་དུ་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་བཞིན་པ་རེད་ལ་འདི་ཚེས་༦་ཉིན་ལས་འགུལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ནས་མིག་ཆུ་ཤོར་བའི་དུག་རླངས་བཏང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎