ཧོང་ཀོང་གི་སྤྱི་ཁྱབ་པས་གོ་གནས་ནས་དགོངས་པ་ཞུ་འཆར་མེད་པ་བརྗོད་འདུག


2019.09.03
ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་(Carrie Lam) 2019/9/3 ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་(Carrie Lam) 2019/9/3
ཧོང་ཀོང་གཞུང་འབྲེལ་དྲ་བ།

ཧོང་ཀོང་གི་སྤྱི་ཁྱབ་པས་དགོངས་ཞུ་དང་འབྲེལ་བའི་སྒྲ་ཕབ་དེ་རྫུན་མ་མིན་ཡང་སྤྱི་ཁྱབ་པའི་གོ་གནས་ནས་དགོངས་པ་ཞུ་འཆར་མེད་པ་བརྗོད་འདུག
འདི་ཚེས་༢་རེས་གཟའ་ཟླ་བའི་ཉིན། ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་(Carrie Lam)་ཡིས་ཚོགས་འདུ་ཞིག་གི་ཐོག་ངོས་རང་ལ་འདེམས་ཀ་ཡོད་ན། ངོས་རང་ལས་གནས་ནས་དགོངས་ཞུ་བྱེད་ཀྱི་ཡིན་ཞེས་བཤད་ཡོད་པའི་སྐད་ཆ་སྒྲ་ལ་ཕབ་ཡོད་པ་ཞིག་ཐོན་རྗེས། འདི་ཚེས་༣་རེས་གཟའ་མིག་དམར་ཉིན་ཁོང་མོས་ཧོང་ཀོང་གི་སྤྱི་ཁྱབ་པ་ནས་དགོངས་པ་རྩ་བ་ནས་ཞུ་རྒྱུ་མིན་ཞེས་གསུངས་བ་དང་མཉམ་དུ་གོང་ཞུས་སྒྲ་ཕབ་དེ་རྫུན་མ་མིན་པ་ཡང་ཁས་ལེན་གནང་འདུག
གོང་ཞུས་སྒྲ་ཕབ་དེ་རེས་གཟའ་ཟླ་བ་ཉིན་རོའུ་ཊར་གསར་འགྱུར་ལས་ཁང་གིས་བཏོན་གནང་བ་ཞིག་དང་། དེ་ནི་བདུན་སྔོན་མར་ཁོང་དང་ཧོང་ཀོང་གི་ཚོང་པ་ཁག་ཅིག་མཉམ་ཚོགས་འདུ་འཚོགས་པའི་སྐབས་གསུངས་པ་ཞིག་ཡིན་པ་རེད། སྐབས་དེར་ཁོང་གིས་ཧོང་ཀོང་ནང་སྲིད་དོན་གྱི་དཀའ་རྙོག་ཧ་ཅང་གི་ཆེན་པོ་བྱུང་བ་དེ་ངོས་ལེན་དང་། དེ་ཁོང་ལ་དགོངས་སེལ་ཐོབ་ཐབས་མེད་པའི་དཀའ་རྙོག་ཆེན་པོ་ཞིག་ཡིན་པའི་སྐོར་ངོས་ལེན་གནང་ཡོད་འདུག    དེ་མ་ཟད་ཁོང་གིས་ངོས་རང་ལ་འདེམས་ཀ་ཡོད་ན། ངོས་རང་གིས་ལས་ཀ་དང་པོ་དེ་ལས་གནས་ནས་དགོངས་པ་ཞུ་རྒྱུ་དེ་ཡིན་ཞེས་དང་། དེ་ཡང་དགོངས་སེལ་ཞུས་པ་དང་སྦྲགས་དགོངས་པ་ཞུ་རྒྱུ་དེ་ཡིན་ཅེས་གསུངས་ཡོད་འདུག
ད་དུང་ཁོང་གིས་ཧོང་ཀོང་སྤྱི་ཁྱབ་པས་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་གཉིས་ཀའི་ཞབས་ཕྱི་ཞུ་དགོས་ཡོད་སྟབས་ཧོང་ཀོང་སྤྱི་ཁྱབ་པར་དེ་ཙམ་གྱི་སྲིད་དོན་གྱི་དབང་ཚད་མེད་པ་དང་། རྒྱ་ནག་དབུས་གཞུང་ལ་ཧོང་ཀོང་གི་དཀའ་རྙོག་དེ་སེལ་རྒྱུའི་དུས་བཀག་གཏན་འཁེལ་མེད་ལ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲག་པོའི་དཔུང་དམག་གཏོང་རྒྱུ་མིན་པའི་སྐོར་ཡང་སྒྲ་ཕབ་དེའི་ནང་གསུངས་འདུག
ཡང་གནས་ཚུལ་ནང་། རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་པར་རྒྱབ་སྐྱོར་བརྟན་པོ་ཡོད་པའི་སྐོར་དང་། ཧོང་ཀོང་ནང་གི་དཀའ་རྙོག་དེ་ཛ་དྲག་ཉེན་ཚབས་ཅན་དང་ས་ཆའི་བདག་དབང་ཐད་ཆགས་པ་ཡིན་ན་དེ་མུར་བཞག་ནས་སྡོད་ཐབས་མེད་སྐོར་སོགས་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎