རྒྱ་ནག་གི་སྲིད་འཛིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཏུ་འཚམས་འདྲི།

རྒྱ་ནག་ནས་དབུས་ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཏུ་དཔལ་འབྱོར་ལས་རིགས་མཉམ་ལས་བྱ་རྒྱུའི་དམིགས་ཡུལ་བཟུང་བཞིན་ཡོད་པ།

2008.11.18

༄༅༎རྒྱ་ནག་དང་དབུས་ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀའི་གླིང་ཕྲན་ཁོངས་ཀྱི་རྒྱལ་ཁབ་ཁག་ཏུ་ཚོང་འབྲེལ་དང་དཔལ་འབྱོར་ལས་རིགས་མཉམ་ལས་བྱ་རྒྱུའི་དམིགས་ཡུལ་བཟུང་བཞིན་ཡིན་པ་རེད།

གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པེ་རུའི་ནང་མ་ཕེབས་སྔོན་དེར་པེ་རུའི་དཔལ་འབྱོར་ཁྲོམ་རའི་ནང་རྒྱ་ནག་གིས་མ་རྩ་འཛུགས་རྒྱུ་དང་དཔལ་འབྱོར་འཛུགས་བསྐྲུན་གྱི་རྨང་གཞི་གཏིང་རྒྱུ་དེ་བཞིན་རྡོ་སྣུམ་གྱི་ནུས་པ་དང་གཏེར་དངོས།ནོར་སྲིད་སོགས་གནད་དོན་སྣ་ཚོགས་ཐད་པེ་རུའི་གཞུང་དང་རྒྱ་ནག་དབར་ཕན་ཚུན་མཉམ་འབྲེལ་བྱ་རྒྱུའི་ཐད་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ཐབས་ལམ་འཚོལ་གྱི་ཡིན་ཞེས་རྒྱ་ནག་གི་སྲིད་འཛིན་གྱིས་ཨེ་ཁོ་མར་ཤེལ་ཟེར་བའི་པེ་རུའི་ཉིན་རེའི་གསར་ཤོག་ལ་གསུང་ཡོད་པ་རེད། གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་མཆོག་གིས་དབུས་ཨ་མི་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་ཁོསི་ཊ་རི་ཁར་ཕེབས་ཏེ་རྒྱལ་ཁབ་དེ་ཡིས་སྔོན་ཆད་ཐའེ་ལྦན་དང་ཕྱི་འབྲལ་བཅད་དེ་རྒྱ་ནག་གཞུང་དེ་རྒྱ་ནག་གི་གཞུང་ངོ་མར་ངོས་འཛིན་བྱས་པར་རྒྱ་ནག་གཞུང་གིས་བསྔགས་བརྗོད་ཞུས་པ་དང་སྦྲགས་རྒྱལ་ཁབ་དེ་དང་ལྷན་དུ་ཁྲལ་མེད་ཚོང་འབྲེལ་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོས་པེ་རུ་དང་ཁོསི་ཊ་རི་ཁ་སོགས་དབུས་དང་ལྷོ་ཨ་མི་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་སླད་དུ་ཕེབས་སྐབས་རྒྱ་ནག་གིས་བོད་དང་ཐའེ་ལྦན་ཐོག་ལ་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་ལ་མོས་མཐུན་ཡོད་པའི་རྣམ་འགྱུར་དང་བསམ་ཚུལ་ཤོད་མཁན་ཡང་བྱུང་ཡོད་པར་རྒྱལ་ཁབ་དེ་ཚོར་རྒྱ་ནག་གི་སྲིད་འཛིན་གྱིས་བསྔགས་བརྗོད་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎