རྒྱ་ནག་གཞུང་གིས་བོད་ནང་བརྟན་ལྷིངས་གནས་ཐབས་བྱེད་པ།

རྒྱ་ནག་གཞུང་གིས་བོད་ནང་བརྟན་ལྷིངས་སྲུང་སྐྱོབ་ཆེད་དུ་ཁ་བྲལ་གྱི་བྱ་སྤྱོད་དང་ལས་འགུལ་ལ་དྭོགས་ཟོན་ཆེན་པོ་བྱེད་དགོས་པའི་སྐུལ་མ།

2011.03.06

༄༅༎རྒྱ་ནག་གཞུང་གིས་བོད་ནང་བརྟན་ལྷིངས་སྲུང་སྐྱོབ་ཆེད་དུ་ཁ་བྲལ་གྱི་བྱ་སྤྱོད་དང་ལས་འགུལ་ལ་དྭོགས་ཟོན་ཆེན་པོ་བྱེད་དགོས་པའི་སྐུལ་མ་ནན་པོ་བཏང་ཡོད་པ་རེད་ གཟའ་སྤེན་པའི་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྲང་ཆིང་ལིས་ བོད་བཅིངས་བཀྲོལ་བཏང་ནས་ལོ་དྲུག་བཅུ་འཁོར་པའི་དུས་དྲན་སྲུང་བརྩི་ཞུ་བའི་སྐབས་འདིར་ ཁ་བྲལ་བྱ་སྤྱོད་ཀྱི་ཉེན་ཁ་ཆེན་པོ་ཡོད་ལུགས་གཏམ་བཤད་གནང་ཐོག་ བོད་ནང་ཁ་བྲལ་གྱི་བྱ་སྤྱོད་རིགས་སྔོན་འགོག་དང་ བརྟན་ལྷིངས་ཀྱི་ཆེད་དུ་སྤྱི་ཚོགས་ཀྱི་དཀའ་རྙོག་རིགས་སེལ་ཕྱིར་ཧུར་བརྩོན་བྱེད་དགོས་ལུགས་ཀྲང་ཆིང་ལིས་གསུངས་ཡོད་པ་རེད་ རྒྱ་ནག་རྒྱལ་ཡོངས་མི་མང་ཚོགས་ཆེན་གྱི་ཚོགས་འདུར་བཅར་བཞིན་པའི་སྐབས་དེར་ ཁོང་གིས་ ང་ཚོའི་དམིགས་ཡུལ་གཙོ་བོ་བོད་ནང་འཛུགས་བསྐྲུན་དང་ཡར་རྒྱསགཏོང་རྒྱུ་དེ་ཡིན་ཡང་ཞི་བདེ་ལྷིངས་འཇགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་ཆེན་པོ་རེད་ བོད་ནང་བརྟན་ལྷིངས་མེད་ན་འཛུགས་བསྐྲུན་གྱི་ལས་གཞི་ཡང་ལམ་ལྷོངས་ཡོང་གི་མ་རེད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎