ཧུའུ་ཅིན་ཐའོས་རྒྱའི་དྲག་ཆས་ཉེན་རྟོག་དཔུང་སྡེར་གསུང་བཤད།

རྒྱ་ནག་གི་སྲིད་འཛིན་ནས་རྒྱ་ནག་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་སོ་སོའི་འགན་སྲུང་གི་ལས་དོན་གྱི་ནུས་སྟོབས་ཆེ་རུ་གཏང་དགོས་བཤད།

2009.01.04

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་འཇིགས་སྐུལ་དྲག་སྤྱོད་པ་དང་གློ་བུར་གྱི་དོན་རྐྱེན་འཕྲད་པའི་སྐབས་གདོང་ལེན་བྱ་ཐུབ་པའི་སོ་སོའི་འགན་སྲུང་གི་ལས་དོན་གྱི་ནུས་སྟོབས་ཆེ་རུ་གཏང་རྒྱུར་དམག་རྩལ་སྦྱོང་བརྡར་གྱི་ལས་གཞི་གསར་འཛུགས་བྱ་དགོས་པའི་སྐོར་བཤད་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཚོགས་འདུའི་ཐོག་གཏམ་བཤད་བྱས་དོན་ལ་རྒྱ་ནག་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེ་ངེས་པར་དུ་རྒྱ་ནག་རྒྱལ་ཁབ་འགན་སྲུང་དང་འཆམ་མཐུན།བརྟན་ལྷིང།ཆིག་སྒྲིལ།མི་དམངས་ཀྱི་བདེ་སྐྱིད་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་བྱ་སྤྱོད་ངོ་མའི་སྦྱོང་བརྡར་གྱི་བྱེད་སྒོའི་ནང་ཞུགས་དགོས་པ་དང་འདས་ཟིན་པའི་དུས་ཚོད་ནང་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དཔུང་སྡེས་ཉེན་ཁ་དང་དཀའ་ཚེགས།ཛ་དྲག་གི་གནས་སྟངས་ཐོན་པའི་སྐབས་ལ་གདོང་ལེན་བྱེད་པའི་འགན་འཁུར་གཙོ་བོ་ལེན་པ་མ་ཟད་སྤྱི་ཚོགས་དང་མི་དམངས་ལ་ཚད་མཐོ་བའི་ཞབས་འདེབས་ཞུས་པའི་བྱས་རྗེས་ཆེན་པོ་བཞག་ཡོད་པར་བརྟེན་རྒྱལ་ཁབ་དང་མི་དམངས་ཀྱིས་ཁྱེད་ཚོའི་ཕུལ་བྱུང་གི་བྱས་རྗེས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བསྔགས་བརྗོད་བྱས་ཡོད་པ་རེད། ཡིན་ནའང་ཕྱི་ལོ་༢༠༠༩ལོ་འདི་ནི་རྒྱལ་ཁབ་དང་དམར་ཤོག་ཚོགས་པ་ཡར་རྒྱས་གཏང་རྒྱུའི་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཡིན་པ་དང་ལོ་འདིའི་ནང་ཡོང་རྒྱུའི་ལས་དོན་རྣམས་རྙོགས་འཛིངས་ཆེ་བ་དང་དཀའ་ཚེགས་ཅན་དང་འཁུར་པོ་ལྗིད་པོ་ཞིག་ཡིན་ཡང་རྒྱ་ནག་ཕྱོགས་ནས་གོ་སྐབས་དེ་དག་ཐོག་གདོང་ལེན་དང་ཁ་གཏད་གཅག་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎