རྒྱ་ནག་ནང་འཕེལ་རྒྱས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་དཀའ་ངལ།

རྒྱ་ནག་གི་འཕེལ་རྒྱས་མྱུར་པོ་དེ་ཡིས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲ་བརྟན་བཟོ་རྒྱུ་སོགས་དཀའ་ངལ་གསར་པ་འཕྲད་བཞིན་ཡོད་པའི་སྐོར།

2009.09.20

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་གྱི་ཚོགས་འདུའི་ཐོག་སྲིད་འཛིན་ཧུའུ་ཅིན་ཐའོ་ནས་རྒྱ་ནག་གི་འཕེལ་རྒྱས་མྱུར་པོ་དེ་ཡིས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲ་བརྟན་བཟོ་རྒྱུ་སོགས་དཀའ་ངལ་གསར་པ་འཕྲད་བཞིན་ཡོད་པའི་སྐོར་གཏམ་བཤད་བྱས་ཡོད་པ་རེད།

རིང་མིན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཚུགས་པར་ཉིན་གྲངས་བཅུ་ལས་མེད་པ་དང་དཔོན་རིགས་ཚོས་མཛད་སྒོ་དེ་ལམ་ལྷོང་ཡོང་བའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར་དེ་རིང་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་བཙུགས་པའི་དུས་དྲན་ཚོགས་འདུའི་ཐོག་ལ་ཧུའུ་ཅིན་ཐའོ་ཡིས་སྤེལ་བའི་གཏམ་བཤད་ནང་རྒྱ་ནག་ནི་རྒྱལ་སྤྱིའི་དཔལ་འབྱོར་དཀའ་ཚེགས་ཀྱི་ཤུགས་རྐྱེན་སླར་གསོ་བྱ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་སྲ་བརྟན་བཟོ་རྒྱུའི་གནད་དོན་མང་པོའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་དང་ཆོས་ལུགས་ཐོག་ལ་འཛིན་པའི་ལས་དོན་ཡང་དག་པ་ལག་བསྟར་བྱེད་ཀྱི་ཡོད། ཡིན་ནའང་གུང་ཁྲན་ཏང་ནི་རྒྱ་ནག་འཕེལ་རྒྱས་ཀྱི་མཉམ་དུ་རང་སྲུང་ཐུབ་པ་དང་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ། སྤྱི་ཚོགས་བརྟན་ལྷིང་རྒྱུན་གནས་བཟོ་ཐབས་ཀྱི་དཀའ་ངལ་གསར་པར་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་ལྷག་པར་དུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་ཐེར་འབུམ་གཅིག་དང་གྲངས་ཆུང་གསུམ་ཡོད་པ་རྣམས་ཆིག་སྒྲིལ་གོང་འཕེལ་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་ཀྱི་ཆབ་སྲིད་དཔལ་ཡོན་ལྡན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གོང་འཕེལ་ཡོང་ཐབས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པ་ལས་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་དམངས་གཙོ་ནི་ཨེ་ཤེ་ཡ་འཕེལ་རྒྱས་ཀྱི་འདེངས་ཀ་མ་རེད་ཅེས་བཤད་ཡོད་པ་རེད། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་གྱི་ཚོགས་འདུ་དེའི་ཐོག་ལ་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཅཱ་ཆིང་ལིན་དང་སྲིད་བློན་ལྦེན་ཅ་བའོ། རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ལྦུའུ་པིང་གུ་སོགས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་དང་རྒྱ་ནག་གི་ས་ཁུལ་ཁག་མི་འདྲ་བ་ནས་སྐུ་ཚབ་འཐུས་མི་བརྒྱད་བརྒྱ་ལྷག་ཞུགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎