ཉི་ཧོང་གི་ཡུལ་མིས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱས་འདུག
2008.05.06
༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་རེས་གཟའ་མིག་དམར་ཉིན་ཉི་ཧོང་དུ་གཞུང་འབྲེལ་འཚམས་
གཟིགས་སུ་ཕེབས་འབྱོར་སྐབས་ ཉི་ཧོང་མི་དམངས་སྟོང་ཚོ་བརྒལ་བས་ རྒྱ་ནག་གཞུང་གིས་བོད་ནང་
དྲག་གནོན་བྱས་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་བ་དང་ ཉི་ཧོང་གཞུང་གིས་རྒྱ་ནག་ཐོག་
གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་ནས་ཕཱ་རན་སི་
གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོའི་ཉི་ཧོང་གི་འཚམས་གཟིགས་འདི་ནི་ལོ་བཅུའི་ནང་རྒྱ་ནག་གི་སྲིད་འཛིན་
ཉི་ཧོང་དུ་ཕེབས་པ་ཐོགས་མ་དེ་ཡིན་ལ་ བོད་ནང་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་ངོ་རྒོལ་གྱི་
ལས་འགུལ་སྤེལ་བའི་རྗེས་རྒྱ་ནག་གི་དབུ་འཁྲིད་ཉི་ཧོང་དུ་ཕེབས་མཁན་མཐོ་ཤོས་དེ་ཡང་ཆགས་ཡོད་པ་རེད་
ཉེན་རྟོག་པ་སྟོང་ཕྲག་མང་པོ་ཧུ་ཇིན་ཏའོའི་སྲུང་སྐྱོབ་ཆེད་འགྲེམ་འཇོགས་བྱས་ཡོད་འདུག་པ་དང་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ དེ་བཞིན་ཤར་ཏུར་ཀིསི་ཐན་གྱི་མི་རིགས་སོགས་འདུས་པའི་ངོ་རྒོལ་བ་སྟོང་ཕྲག་བརྒལ་བར་ལག་ཏུ་
ཧུ་ཇིན་ཏའོ་ ཨོ་ལིམ་ཕིག་གི་དོན་སྙིང་ལ་བརྩི་བཀུར་བྱེད་དགོས་ཞེས་པ་དང་ ང་ཚོའི་གྲོགས་པོ་ཚོ་དམར་གསོད་མ་གཏོང་ཞེས་སོགས་འཁོད་པའི་ཁྲེད་དར་སྣ་ཚོགས་འཁྱེར་སྟེ་ ཊོཀ་ཡོའི་གྲོང་ཁྱེར་གྱི་དཀྱིལ་དུ་ངོ་རྒོལ་ཁྲོམ་བསྐོར་བྱས་ཡོད་འདུག་པ་དང་ ངོ་རྒོལ་དེའི་ཁོངས་སུ་
ཡོད་པ་སྐལ་ལྡན་ཨོ་སྦ་ར་ཞེས་པའི་བོད་མི་ཞིག་གིས་ ཁྲིམས་ལུགས་ལ་བརྩི་སྲུང་ཞུ་མཁན་དང་ ང་ཚོ་དང་ངོ་གདོང་འདྲ་ལ་ ནང་ཆོས་ཉམས་ལེན་བྱེད་མཁན་ཉི་ཧོང་ཡུལ་མི་ཚོས་རྒྱ་ནག་གཞུང་ལ་
གང་ནོར་འཁྲུལ་ཡིན་པ་དེ་བྱེད་རྒྱུ་མེད་པའི་ལན་བརྡ་ཞིག་སྤྲོད་པའི་རེ་བ་ཡོད་ཅེས་དང་ ཡང་རྒྱ་ནག་གཞུང་འབྲེལ་གྱི་མི་སྣས་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་
དང་མཇལ་འཕྲད་གནང་པ་དེ་ རྒྱ་ནག་གཞུང་ཕྱོགས་ནས་ཨོ་ལིམ་ཕིག་ལམ་ལྷོངས་ཡོང་ཆེད་ ཕྱི་ཕྱོགས་སུ་བོད་པའི་སྐུ་ཚབ་དང་གྲོས་མོལ་བྱེད་ཀྱི་ཡོད་ཚུལ་གྱི་རྣམ་པ་བཏོན་ཐབས་ཁོ་ནའི་ཆེད་མིན་པའི་
རེ་བ་ཡོད་ཅེས་གསུངས་འདུག
ཉི་ཧོང་གི་ཕྱོགས་འགལ་སྲིད་དོན་ཚོགས་པའི་ཚོགས་གཙོ་ ཡུ་ཀི་ཀོ་ ཨེ་རྡ་ནོས་ ཉི་ཧོང་གི་སྲིད་བློན་ ཡ་སུའོ་ཕཱ་ཀུ་རྡ་མཆོག་ནས་ རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་དང་མཇལ་འཕྲད་སྐབས་ བོད་ཀྱི་གནད་དོན་ཐད་ཚོར་ཤུགས་ལྡན་པའི་ཐོག་ནས་གླེང་སློང་གནང་དགོས་ཀྱི་རེད་ཅེས་དང་ གལ་ཏེ་སྲིད་བློན་ཕཱ་ཀུ་རྡའི་ངོས་ནས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་དེ་ལམ་སྲོལ་ཁོ་ན་ཞིག་ཆགས་ཚེ་ དེས་ཉི་ཧོང་ཡང་རྒྱ་ནག་གིས་བོད་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དེར་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་
འགྱུར་རྒྱུའི་ཉེན་བརྡ་བཏང་གནང་ཡོད་པ་རེད་ གཟའ་འཁོར་འགའ་ཤས་གོང་ཉི་ཧོང་གི་སྲིད་བློན་མཆོག་ནས་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་ཞུ་རྒྱུ་
གལ་ཆེ་ཡིན་པ་གསུངས་ཡོད་པ་རེད།