ཧོང་ཀོང་དུ་ཨའེ་ལྦེ་ལྦེ་གློད་འགྲོལ་ཆེད་ངོ་རྒོལ་ལས་འགུལ།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་གནང་མཁན་ཁག་ཅིག་གིས་རྒྱ་ནག་གི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་རྒྱའི་བཙོན་ཁང་ནས་གློད་བཀྲོལ་ཡོང་ཆེད་ངོ་རྒོལ།

2011.05.02

༄༅༎ཧོང་ཀོང་གི་དམངས་གཙོ་དོན་གཉེར་གནང་མཁན་ཁག་ཅིག་གིས་རྒྱ་ནག་གི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་རྒྱའི་བཙོན་ཁང་ནས་གློད་བཀྲོལ་ཡོང་ཆེད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་ གོང་ཞུས་དམངས་གཙོ་དོན་གཉེར་གནང་མཁན་རྣམས་ཀྱིས་རང་རང་སོ་སོས་རྐུབ་སྟེགས་རེ་གྲོང་ཁྱེར་གྱི་ལྦིཀ་ཀྲོ་རི་ཡ་ཞེས་པའི་སྤྱི་གླིང་དེར་བསྣམས་ནས་ཨའེ་ལྦེ་ལྦེ་ཡིས་བཟོས་གནང་བའི་བཟོ་བཀོད་དེར་དཔེ་བཞག་ནས་བཙོན་ཁང་གི་འདྲ་གཟུགས་ཤིག་བཟོས་ཏེ་་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་དེར་ངོ་རྒོལ་གནང་ཡོད་པ་རེད་ ངོ་རྒོལ་གྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན་ཧོང་ཀོང་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལི་ཆིའུ་ཀྱན་ཡིས་ཨའེ་ལྦེ་ལྦེ་ད་བར་རྒྱའི་བཙན་འོག་ནང་ཟླ་ངོ་གཅིག་རིང་བཙོན་་བཅུག་བྱས་ཡོད་པ་རེད་ ཁོང་ད་ལྟ་ག་པར་ཡོད་མེད་རྩད་གཅོད་གཏོང་མ་ཐུབ་པའི་གནས་སྟངས་ཤིག་གི་འོག་ལུས་ཡོད་པ་རེད་ཅེས་གསུང་འདུག ཡང་ཁོང་གིས་ཨའེ་ལྦེ་ལྦེ་འདྲ་བའི་རྒྱ་ནག་གི་སྒྱུ་རྩལ་བ་མང་པོ་ཞིག་དོ་དམ་འོག་གནས་མུས་ཡིན་པ་དང་ང་ཚོར་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་དེ་དགོས་ཀྱི་མིན་འདུག་ཅེས་གསུང་འདུག དེ་བཞིན་ཧོང་ཀོང་གྲོང་ཁྱེར་ནང་རྒྱ་ནག་གི་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ལ་རྒྱབ་བསྐྱོར་ཆེད་གྲོང་ཁྱེར་གྱི་ཁང་པ་ཐོག་རྩེགས་མང་པོ་ཡོད་པ་ཁག་ཅིག་ལ་ཁོང་ལ་རྒྱབ་བསྐྱོིར་གྱི་ཡི་གེ་མང་དག་བྲིས་ཡོད་པ་མ་ཟད་གྲོང་ཁྱེར་གྱི་དྲག་པོའི་དཔུང་དམག་དང་བསྐོར་སྲུང་བའི་སྡོད་གནས་ཁག་གི་སྟེང་ཨའེ་ལྦེ་ལྦེ་ཡི་འདྲ་གཟུགས་མཐོང་ཐུབ་པ་ཡང་བཟོས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎