བོད་མདོ་སྟོད་སྨད་ནང་སྔར་བས་དམ་བསྒྲགས་ཆེ་བ།

རྒྱ་ནག་གཞུང་གིས་བོད་མདོ་སྟོད་སྨད་གཉིས་ནང་སྔར་བས་དམ་བསྒྲགས་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ།

2012.07.15

༄༅༎རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྔར་བས་དམ་བསྒྲགས་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་བོད་མདོ་སྟོད་སྨད་གཉིས་ནང་དུ་དམ་བསྒྲགས་ཆེན་པོ་གནས་བཞིན་ཡོད་པའི་སྐོར་ལ་བོད་ཀྱི་ས་ཁུལ་ཁག་ནས་བོད་མི་གསུམ་གྱིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
རླུང་འཕྲིན་ཁང་གི་གསར་འགོད་པར་སྐལ་བཟང་བསྟན་འཛིན་ལགས་ཀྱིས་དེ་རིང་བོད་ཀྱི་ཆབ་མདོ་དང། ཨ་མདོ་རྔ་བ། མཚོ་སྔོན་ནས་བོད་མི་གསུམ་གྱིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང༌། རྒྱ་ནག་གཞུང་གིས། བོད་ཀྱི་ཆབ་མདོ་ཁུལ་གྱི་བོད་མི་རྣམས་རྫོང་དང་ས་ཁུལ་ཕན་ཚུན་ནང་འགྲོ་འོང་ལ་དམ་བསྒྲགས་བྱེད་པ་མ་ཟད། དམིགས་བསལ་བླ་མ་དང༌། དགེ་འདུན་པ་དང་བཙུན་མའི་ཐོག་ལ་དམ་བསྒྲགས་བྱས་ཏེ། དོན་མེད་འཛིན་བཟུང་བྱེད་པ། ད་ཆ་ཆབ་མདོ་ས་ཁུལ་གྱི་བོད་མིའི་ཐོག་ཞིབ་བཤེར་ནན་པོ་བྱེད་པ་དང༌། རྒྱ་ལམ་ཐོག་འགྲོ་བསྐྱོད་བྱེད་པའི་སྐབས་ལུས་ཡོངས་རྫོགས་སྔོག་བཤེར་བྱེད་སོགས་ཕར་འགྲོ་ཚུར་འོང་བྱེད་པར་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཁུལ་དུ་བོད་རིགས་སློབ་མ་ཚོའི་སློབ་གཞི་རྒྱ་ཡིག་ཏུ་འགྱུར་བའི་སྲིད་ཇུས་ལག་བསྟར་བྱེད་པའི་དཀའ་ངལ་ཐོག་བོད་རིགས་སློབ་མ་རྣམས་མཐོ་རིམ་སློབ་གྲྭ་བསྐྱོད་པའི་སྐབས་བོད་རིགས་ཡིན་ཕྱིན་དངུལ་སྤྲོད་དགོས་པའི་དཀའ་ངལ་ཕར་མ་བཟོས་ཡོད་འདུག།









བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎