བོད་མི་གཞོན་སྐྱེས་གསུམ་གྱིས་ཟས་བཅད་ངོ་རྒོལ་གནང་བཞིན།

སྦེལ་ཇེམ་ནང་བོད་མི་གཞོན་སྐྱེས་གསུམ་གྱིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཉིན་དྲུག་པར་སླེབས་ཡོད་པའི་གནས་ཚུལ།

2009.03.16

༄༅༎སྦེལ་ཇེམ་ནང་བོད་མི་གཞོན་སྐྱེས་གསུམ་གྱིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཉིན་དྲུག་པར་སླེབས་ཡོད་ཅིང་ཁོང་རྣམ་པའི་སྐུ་གཟུགས་ཀྱི་གནས་བབས་དེ་སྐྱོ་རུ་ཕྱིན་པའི་མངོན་རྟགས་ཡོད་ནའང་ཆོད་སེམས་དེ་བོད་ཀྱི་བདེན་པའི་གནས་བབས་བཞིན་ཧ་ཅང་གི་ཤུགས་ཆེན་པོར་གནས་ཡོད་སྐོར་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསུངས་འདུག

ཁོང་རྣམ་པས་ཉེ་ཆར་བོད་ཀྱི་ཨ་མདོ་ཁུལ་གྱི་དགེ་འདུན་པ་བཀྲ་སྤེ་ལགས་ཀྱི་གནས་ཚུལ་དེ་ཤེས་རྟོགས་བྱུང་སྐབས་ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ནང་པའི་དགེ་འདུན་པ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་སྤེལ་སྟངས་དེས་དལྟའི་བོད་ནང་གི་བོད་མི་རྣམས་ཀྱི་གནས་བབས་དེ་གསལ་པོ་ཆགས་པ་རེད་ཅེས་གསུངས་འདུག ཡང་ཁོང་གིས་མཚོན་ཆ་མེད་པའི་དགེ་འདུན་པ་ཞིག་ལ་མེ་མདའ་རྒྱབ་པ་དེ་སྨྱོན་པ་རེད། དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལན་འདེབས་གནང་མ་དགོས་པ་དེ་གང་ཡིན་ནམ་ཞེས་གསུངས་འདུག ཡང་ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་བསོད་ནམས་རིན་ཆེན་ལགས་ཀྱིས་དགེ་འདུན་པ་བཀྲ་སྤེ་ལ་མེ་མདའ་རྒྱབ་མཁན་དེས་འགན་འཁུར་དགོས།ཁོ་པར་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ཉེས་ཆད་གཏང་དགོས་ཞེས་གསུངས་འདུག ཡང་ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་རྣམ་རྒྱལ་དབང་འདུས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་མནར་གཅོད་དེ་ལོ་ངོ་དྲུག་བཅུ་རིང་བཏང་ཡོད། ང་ཚོ་རྒྱ་ནག་གི་མངའ་འོག་ནམ་ཡང་སྡོད་ཀྱི་མིན་ཞེས་གསུངས་འདུག བོད་མི་གཞོན་བསྐྱེས་གསུམ་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་དབུས་བོད་རིགས་གཞོན་ནུ་ལྷན་ཚོགས་དང་སྤེལ་ཇེམ་ས་གནས་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་ལས་འགུལ་དེ་འདི་ལོའི་གསུམ་བཅུའི་དུས་དྲན་ནས་འགོ་བཙུགས་གནང་ཡོད་པ་རེད། ཁོང་རྣམས་སྦེལ་ཇེམ་གྱི་རྒྱལ་ས་སྦ་ར་སེལ་སི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་གནང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎