བོད་ཀྱི་གསོ་བ་རིག་པ་གཅེས་ནོར་རིག་གཞུང་ལ་འོས་སྦྱོར་བྱས་འདུག


2017.04.12
གསོ་རིག་རྒྱུད་བཞིའི་དཀའ་འགྲེལ་དཔེ་དེབ། གསོ་རིག་རྒྱུད་བཞིའི་དཀའ་འགྲེལ་དཔེ་དེབ།
དྲ་བཤུས།

རྒྱ་གར་དང་རྒྱ་ནག་གཉིས་ཀས་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་གཅེས་ནོར་གྱི་རིག་གཞུང་ཞིག་ལ་ངོས་འཛིན་ཡོང་ཐབས་འོས་སྦྱོར་བྱེད་བཞིན་འདུག
དེ་ཡང་རྒྱ་གར་གྱི་(Tribune)ཞེས་པའི་གསར་ཤོག་གིས་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། རྒྱ་གར་དང་རྒྱ་ནག་གཉིས་ཀས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་བཞིན་(UNESCO)འམ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་རིག་དང་། ཚན་རིག། རིག་གཞུང་གཅེས་འཛིན་ཚན་པའི་ཁོངས་ཀྱི་རིག་གཞུང་གཅེས་ནོར་གྱི་ཁོངས་སུ་ཚུད་ཐབས་བྱེད་བཞིན་ཡོད་འདུག་པ་དང་། མིང་གཞུང་ཐོ་འགོད་ཡོང་ཐབས་སུ་རྒྱ་གར་གྱི་ངོས་ནས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཞུ་སྙན་འབུལ་ཟིན་ཞིང་། འདིའི་ཐད་ཀྱི་ཐག་ཆོད་ཕྱི་ལོ་ ༢༠༡༨ ནང་ཡོང་རྒྱུ་ཡིན་འདུག
ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་དུ་བཀོད་པར་ལྟར་ན། རྒྱ་གར་གྱི་ཞུ་སྙན་དེའི་ནང་། བོད་ཀྱི་གསོ་བ་རིག་པ་ཙམ་མ་ཡིན་པར་འབྲས་ལྗོངས་ཁུལ་གྱི་གར་འཆམ་དང་། གཞན་ཡང་མངའ་སྡེ་གཞན་ཁག་ནས་སྒྱུ་རྩལ་རིགས་ཅིག་ཀྱང་ཚུད་ཡོད་འདུག དེ་བཞིན་རྒྱ་ནག་གི་ངོས་ནས། བོད་ནང་གསོ་བ་རིག་པའི་ལམ་སྲོལ་གྱི་ཐོག་ནས་ནད་བཅོས་ཐབས་ཀྱི་གནས་ལུགས་ཁག་གསལ་བཤད་གཙོ་བོ་བྱེད་པའི་ཐོག་ནས་ཞུ་སྙན་ཕུལ་འདུག
ཕྱི་ལོའི་དུས་རབས་གསུམ་པ་ཙམ་ནས་དར་ཁྱབ་བྱུང་བའོ་བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་ལམ་སྲོལ་ནི། འཛམ་གླིང་ནང་སྨན་དང་གསོ་བྱེད་ཀྱི་ལམ་ལུགས་རྙིང་ཤོས་གྲས་ཤིག་ཆགས་ཀྱི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ལམ་སྲོལ་འདི་བཞིན་བོད་དང་། སོག་པོ། འབྲུག དེ་བཞིན་རྒྱ་ནག་གི་ས་ཁུལ་ཁག་གཅིག་དང་བལ་ཡུལ་བཅས་པའི་ནང་དར་ཁྱབ་དང་ལག་ལེན་དུ་འཁེལ་བཞིན་པར་མ་ཟད།  རྒྱ་གར་གྱི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་ཁུལ་འབྲས་ལྗོངས་དང་ཨ་རུ་ན་ཅལ། ལ་དྭགས། རྡོ་རྗེ་གླིང་། གར་ཤ པི་ཏི། ཁུ་ནུ་སོགས་ཀྱི་ནང་དུ་ཡང་དར་གསོ་དང་ལག་ལེན་བྱེད་བཞིན་ཡོད་པ་རེད།
རྒྱ་གར་གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚན་པ་དེར་ཞུ་སྙན་འབུལ་རྒྱུའི་ཞུ་སྙན་ཕྱོགས་བསྒྲིག་གནང་མཁན་གྱི་མི་སྣའི་ཁོངས་ནས་གཙོ་བོ་ཝ་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་ངག་དབང་བསམ་གཏན་ལགས་ཡིན་འདུག
དེ་སྔ་ཕྱི་ལོ་༢༠༡༠ལོར་རྒྱ་གར་གྲོས་ཚོགས་གོང་མའི་ནང་གསོ་བ་རིག་པའི་སྨན་གྱི་ལམ་སྲོལ་དེ་བཞིན་ངོས་ལེན་དང་འབྲེལ་རྒྱ་གར་གྱི་སྨན་གྱི་ལམ་སྲོལ་ཁོངས་སུ་བཅུག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎