རྒྱ་ནག་གཞུང་ནས་རྒྱ་གར་ཡུལ་མིར་ཐོངས་མཆན་སྤྲོད་ཕྱོགས།

རྒྱ་ནག་གཞུང་ནས་རྒྱ་གར་གྱི་ཡུལ་མི་རྣམས་ལ་རྒྱ་ནག་ནང་འགྲིམ་འགྲུལ་གྱི་ཐོངས་མཆན་སྤྲོད་ཕྱོགས་ཀྱི་སྲིད་ཇུས་ལ་རྒྱ་གར་གཞུང་ནས་སྐྱོན་བརྗོད།

2011.01.13

༄༅༎རྒྱ་ནག་གཞུང་ནས་རྒྱ་གར་གྱི་ཡུལ་མི་རྣམས་ལ་རྒྱ་ནག་ནང་འགྲིམ་འགྲུལ་གྱི་ལྦི་ཛ་ཐོངས་མཆན་སྤྲོད་ཕྱོགས་ཀྱི་སྲིད་ཇུས་ལ་རྒྱ་གར་གཞུང་ནས་ཁོང་ཁྲོ་ཆེན་པོའི་ཐོག་ནས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག་༎

རྒྱ་ནག་དང་རྒྱ་གར་དབར་རྩོད་གཞི་ཅན་གྱི་ས་ཁུལ་ཁག་ནང་གནས་སྡོད་བྱེད་པའི་རྒྱ་གར་གྱི་ཡུལ་མི་རྣམས་རྒྱ་ནག་ནང་འགྲིམ་འགྲུལ་གྱི་ལྦི་ཛ་ཐོངས་མཆན་ཞུ་སྐབས་རྒྱ་ནག་གཞུང་གིས་ས་ཁུལ་དེའི་ཚོའི་ཡུལ་མི་རྣམས་ལ་རྒྱ་གར་གྱི་མི་སེར་སྤྱི་ཡོངས་དང་མི་འདྲ་བའི་འགྲིམ་འགྲུལ་གྱི་ལྦི་ཛ་ཐོངས་མཆན་སྤྲོད་རྒྱུའི་སྲིད་ཇུས་ལག་བསྟར་ལ་རྐྱེན་པས་ཡུལ་གྲུ་གཉིས་དབར་རྩོད་གཞིའི་གནད་དོན་ཆགས་ཡོད་པ་རེད་ སྔ་ལོ་རྒྱ་གར་ཀཤི་མིར་མངའ་ཁུལ་ནས་ཡིན་པའི་རྒྱ་གར་གྱི་མི་སེར་བས་རྒྱ་ནག་ནང་འགྲིམ་འགྲུལ་བྱ་སྐབས་རྒྱ་ནག་གཞུང་གིས་འགྲིམ་འགྲུལ་གྱི་ཐོངས་མཆན་དེ་བཞིན་རྒྱུན་ལྡན་མེ་སེར་གྱི་འགྲིམ་འགྲུལ་ངོ་སྤྲོད་ལག་ཁྱེར་ཐོག་མ་ཡིན་པར་ངོ་སྤྲོད་ལག་ཁྱེར་སྟེང་ཟུར་དུ་དམིགས་བསལ་འགྲིམ་འགྲུལ་གྱི་ཐོངས་མཆན་ཡིག་ཆ་བསྣོན་འཇོག་བྱས་ཏེ་རྒྱ་གར་གཞུང་དང་རྩོད་གླེང་བྱུང་ཡོད་པ་རེད་ གནད་དོན་དེ་བཞིན་ཉེ་སྔོན་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་རྒྱ་གར་ནང་གཞུང་དོན་འཚམས་གཟིགས་ཕེབས་སྐབས་རྒྱ་གར་གཞུང་གིས་གླེང་སློང་ཡང་བྱས་ཡོད་པ་རེད་ ཡིན་ཡང་དོན་དངོས་སུ་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་གི་སེམས་ཚོར་ལ་སྣང་མེད་གཏོང་གི་ཡོད་པ་ནི་རྒྱ་གར་ནང་རྒྱ་ནག་གི་སྲིད་བློན་འཚམས་གཟིགས་ཕེབས་ནས་དུས་ཡུན་ཟླ་བ་གཅིག་ཙམ་མ་སོང་གོང་རྒྱ་དཀར་ནག་གཉིས་དབར་རྩོད་གཞི་ཅན་གྱི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྱི་རྩེད་འགྲན་པ་ཞིག་དང་ ཁོང་གི་སློབ་སྟོན་པ་གཉིས་ལ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མི་སེར་ངོས་འཛིན་མ་ཡིན་པའི་དམིགས་བསལ་གྱི་ལྦི་ཛ་ཐོངས་མཆན་སྤྲད་འདུག་པ་དང་ དེར་ཁ་ས་རྒྱ་གར་གཞུང་གིས་ངར་ཤུགས་ཆེན་པའི་ཐོག་ནས་སྐྱོན་བརྗོད་བྱས་ཡོད་པ་རེད་ གནད་དོན་དེའི་ཐོག་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྦིཤ་ནུ་པར་ཀཤ་ཡིས་ རྒྱ་གར་གྱི་ས་ཁུལ་གང་ཞིག་དང་མི་རིགས་གང་ཞིག་ཡིན་མིན་ལ་མ་ལྟོས་པར་རྒྱ་གར་ནས་རྒྱ་ནག་ནང་འགྲིམ་འགྲུལ་གྱི་ཐོང་ཆེན་ཞུ་སྐབས་རྒྱ་གར་གྱི་མི་སེར་ཚང་མར་རྒྱ་ནག་གཞུང་ནས་ལྦི་ཛ་ཐོངས་མཆན་སྤྲོད་ཕྱོགས་ཀྱི་སྲིད་ཇུས་གཅིག་མཚུངས་དགོས་པ་དང་ གནད་དོན་དེ་བཞིན་རྒྱ་ནག་གཞུང་ལ་ནན་བརྗོད་གསལ་པོ་བྱས་ཡོད་པའི་སྐོར་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎