རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཐེངས་༡༥པ།

རྒྱ་དཀར་ནག་གཉིས་དབར་ས་མཚམས་སྐོར་གྱི་གྲོས་མོལ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འགོ་བཙུགས་གནང་ཡོད་འདུག

2012.01.16

༄༅༎སྔ་ལོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་གསུང་བཤད་གནང་བར་རྒྱ་ནག་གིས་དགག་ཆ་བྱས་ནས་རྒྱ་དཀར་ནག་གཉིས་དབར་ས་མཚམས་སྐོར་གྱི་གྲོས་མོལ་ཕྱིར་འཐེན་བྱས་ཡོད་ཀྱང་དེ་རིང་བསྐྱར་དུ་འགོ་འཛུགས་བྱས་འདུག།
རྒྱལ་ས་ལྡི་ལིའི་ནང་རྒྱ་དཀར་ནག་གཉིས་དབར་གྱི་གྲོས་མོལ་ཚོགས་འདུ་དེ་བཞིན་རྒྱ་གར་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཤིབ་ ཤན་ཀར་ མེ་ནོན་ དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་འཛིན་ཏའེ་པིང་ཀུའོ་གཉིས་ཀྱིས་སྣེ་འཁྲིད་གནང་ཡོད་སྐོར། རྒྱ་གར་ཕྱི་འབྲེལ་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་གནང་བཞག། ཕྱོགས་གཉིས་དབར་གྱི་ས་མཚམས་སྐོར་གྱི་གྲོས་མོལ་ཐེངས་༡༥པ་དེ་ཉིན་གཉིས་རིང་གནང་རྒྱུ་ཡིན་ཞིང༌། སྐུ་ཚབ་རྣམ་པའི་དབར་དུས་ཡུན་རིང་ནས་ཡོད་བཞིན་པའི་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་གནད་དོན་ཁག་གི་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་རེད།
རྒྱ་ནག་གི་དཔོན་རིགས་ ཏའེ་ པིང་ཀུའོ ཡིས་རྒྱ་གར་གྱི་གསར་ཤོག་ ད་ཧིན་རྡུ་ ཞེས་པའི་ནང་གནས་ཚུལ་བཀོད་དོན་ལྟར་ན། རྒྱ་ནག་གིས་རང་ཡུལ་འཛུགས་སྐྲུན་གོང་འཕེལ་གཏོང་རྒྱུའི་འབད་བརྩོན་ཤུགས་ཆེ་བྱེད་བཞིན་པ་དང༌། ཆབས་ཅིག་རྒྱ་གར་མཉམ་ཡུན་རིང་ཕུག་འཕེར་ལྡན་པའི་མཛའ་མཐུན་གྱི་འབྲེལ་བ་གོང་མཐོར་གཏོང་རྒྱུའི་ཆོད་སེམས་གཏན་པོ་ཡོད་ཅེས་དང༌། རྒྱ་ནག་གིས་རྒྱ་གར་ཐོག་དྲག་པོའི་གཏོར་རྒོལ་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་མེད་པ་དང་། རྒྱ་གར་གྱི་འཛུགས་སྐྲུན་ཡར་རྒྱས་འགོག་རྒྱུའི་འཆར་གཞི་ཡང་མེད་ཅེས་འགྲེལ་བརྗོད་བྱས་འདུག།
རྒྱ་ནག་གིས་བོད་ཐོག་དབང་སྒྱུར་བྱས་པའི་རྗེས་སུ་ད་ཆ་རྒྱ་དཀར་ནག་གཉིས་དབར་ས་མཚམས་རིང་ཚད་ཀི་ལོ་མི་ཊར་༢༠༠༠ཙམ་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང༌། ས་མཚམས་ཀྱི་བདག་དབང་ཐད་ཀྱི་རྩོད་གཞི་དེ་༡༩༨༠བརྒྱ་གྲངས་ནང་ཆེ་རུ་ཕྱིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎