རྒྱ་གར་གྱི་མྱུར་སྐྱོབ་མེད་ན་བལ་ཡུལ་གྲོང་གསེབ་ཀྱི་མི་མང་པོ་ཤི་ངེས་རེད།


2015.04.28
བལ་ཡུལ་གྱི་གནོད་ཐེབས་ས་ཁུལ་ལ་རྒྱ་གར་གྱི་མྱུར་སྐྱོབ་རུ་ཁག་གིས་མྱུར་སྐྱོབ་བྱེད་བཞིན་པ། ༢༠༡༥།༤།༢༧ བལ་ཡུལ་གྱི་གནོད་ཐེབས་ས་ཁུལ་ལ་རྒྱ་གར་གྱི་མྱུར་སྐྱོབ་རུ་ཁག་གིས་མྱུར་སྐྱོབ་བྱེད་བཞིན་པ། ༢༠༡༥།༤།༢༧
post.jagran

བལ་ཡུལ་གྱི་ཡུལ་མི་ཚོས་རྒྱ་གར་དང་རྒྱ་ནག་གིས་གནོད་ཐེབས་ས་ཁུལ་ལ་མྱུར་སྐྱོབ་ལས་དོན་སྤེལ་བར་རྗེས་སུ་ཡིད་རངས་ཞུ་བཞིན་པ་རེད།
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༢༥ཉིན་བལ་ཡུལ་དུ་ས་ཡོམ་འགུལ་ཚད་བརྒྱད་ལ་ཉེ་བ་ཞིག་བརྒྱབ་པའི་གོད་ཆག་ཁྲོད་ད་བར་མི་གྲངས་སྟོང་ཕྲག་མང་པོ་ཤི་རྨས་བྱུང་བར། རྒྱ་གར་གཞུང་གིས་གནམ་དམག་ཐད་འཕུར་གནམ་གྲུ་ཆེད་གཏོང་བྱས་ཏེ། བལ་ཡུལ་གྱི་རི་བརྒྱུད་ས་ཁུལ་དང་ཉེན་སྐྱོབ་རུ་ཁག་འགྲོ་ལམ་མེད་པའི་གྲོང་གསེབ་ས་ཁུལ་ནས་ས་ཡོམ་གྱི་གནོད་འཚེའི་ནང་ཤི་རྨས་བྱུང་བ་རྣམས་ཐད་འཕུར་གནམ་གྲུའི་ནང་འོར་འདྲེན་བྱེད་བཞིན་ཡོད་པ་དང། དེ་བཞིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་རྒྱ་ནག་ནས་ཆེད་གཏོང་བྱས་པའི་སྒྲིག་ཆས་དམར་པོ་གྱོན་པའི་རོགས་སྐྱོར་རུ་ཁག་གིས་ཁང་པ་ཤིག་རལ་འོག་ཏུ་ཚུད་པའི་མི་གསོན་པོ་རྩད་འཚོལ་གྱི་རོགས་རོམ་བྱེད་བཞིན་ཡོད་པ་རེད། དེ་རིང་བལ་ཡུལ་གྱི་བརྙན་འཕྲིན་ཐོག་ལ་ཉེན་སྐྱོབ་རུ་ཁག་གིས་མགྲོན་ཁང་ལོག་པའི་ས་འོག་ནས་མི་ཞིག་གསོན་པོར་བཏོན་ཏེ་དལ་བུས་འོར་འདྲེན་བྱས་པའི་གནས་ཚུལ་བཏོན་ཡོད་པ་རེད། བལ་ཡུལ་གཞུང་ལ་ད་རེས་ཀྱི་ས་ཡོམ་གྱི་གོད་ཆགས་དེས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་ཁར་མི་དམངས་ཀྱི་ངོས་ནས་བལ་ཡུལ་གཞུང་ལ་བལྟ་ཚུལ་ཡང་ཡག་པོ་མེད་པ་ནི། བལ་པོའི་གྲོང་གསེབ་ཡུལ་མི་ཞིག་གིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ། ང་ཚོ་ནི་བལ་ཡུལ་གཞུང་ལ་ཡིད་ཆེས་རྩ་བ་ནས་མེད། ང་ཚོི་ཡིད་ཆེས་བྱེད་ཡུལ་ནི་རྒྱ་གར་གཞུང་དང་སྲིད་བློན་Narandra Modiཁོ་ན་ཡིན། རྒྱ་གར་གཞུང་གིས་རོགས་སྐྱོར་གྱི་ཐད་འཕུར་གནམ་གྲུ་དེ་དག་ཆེད་གཏོང་བྱས་མེད་ཚེ་རི་བརྒྱུད་གྲོང་གསེབ་ཁུལ་གྱི་མི་མང་པོ་རྐྱེན་འདས་སུ་འགྲོ་ངེས་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མཆོག་གིས་རང་ཉིད་ཀྱི་རྒྱལ་ཁབ་ནའང་ལ་ས་ཡོམ་གྱི་གོད་ཆགས་ཕོག་ཡོད་ཀྱང་། བལ་ཡུལ་ལ་ཆུ་ཚོད་གཅིག་གི་རྗེས་མྱུར་སྐྱོབ་རུ་ཁག་ཆེད་གཏོང་གནང་བ་དང་། ས་ཡོམ་རྒྱབ་ནས་ཚོུད་ཁ་ཤས་ནང་བརྙན་འཕྲིན་ཐོག་ལ་བལ་ཡུལ་མི་དམངས་གཅིག་ཀྱང་མ་ལུས་པའི་དཀའ་ངལ་སེལ་ཐབས་གནང་གི་ཡིན་ཞེས་ལྷག་བསམ་རྣམ་དག་གི་ཁས་ལེན་གནང་ཡོད་པའི་སྐོར་བཀོད་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎