རྒྱ་གར་གྱིས་དམག་མི་འཕར་སྣོན་གསུམ་ཁྲི་ལ་སྦྱོང་བརྡར་བྱས་པ།

རྒྱ་གར་གྱི་ངོས་ནས་རི་མཐོའི་སྟེང་དམག་འཐབ་བྱེད་ཐུབ་པའི་དམག་མི་འཕར་མ་༣༠༠༠༠སྐོར་ཞིག་སྦྱོང་བརྡར་གནང་ཟིན་ཡོད་པ་རེད།

2011.02.07

༄༅༎དེང་སྐབས་རྒྱ་ནག་གིས་བོད་ནང་དྲག་པོའི་ནུས་སྟོབས་རྒྱ་བསྐྱེད་བཏང་བ་དེར་རྒྱ་གར་གྱི་ངོས་ནས་གདོང་ལེན་བྱེད་རྒྱུར་རི་མཐོའི་སྟེང་དམག་འཐབ་བྱེད་ཐུབ་པའི་དམག་མི་འཕར་མ་༣༠༠༠༠སྐོར་ཞིག་སྦྱོང་བརྡར་གནང་ཟིན་ཡོད་པ་རེད་ རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་ཀལ་ཀ་ཏར་རྟེན་གཞི་བྱས་པའི་རྒྱ་གར་ཤར་ཕྱོགས་ཀྱི་དམག་སྤྱི་ལས་ཁུངས་ཀྱི་དམག་དཔོན་ཞིག་གིས་ང་ཚོས་རྒྱ་གར་བྱང་ཤར་ཕྱོགས་སུ་རི་མཐོའི་སྟེང་དམག་འཐབ་བྱེད་ཐུབ་པའི་དམག་མིའི་སྡེ་ཁག་གཉིས་གསར་འཛུགས་ཐུབ་པ་བྱུང་ཡོད་ སྡེ་ཁག་དེ་དག་ལས་དོན་སྤེལ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུང་འདུག

གོང་ཞུས་ས་མཐོའི་སྟེང་དམག་འཐབ་བྱེད་ཐུབ་པའི་དམག་གི་སྡེ་ཁག་གཉིས་དེ་དག་གསར་བཟོ་བྱེད་རྒྱུར་དངུལ་རྒྱ་གར་སྒོར་ཐེར་འབུམ་༧རེ་འགྲོ་གྲོན་བཏང་ཡོད་པ་དང་སྡེ་ཁག་དེ་དག་རྒྱ་གར་བྱང་ཤར་ན་ག་ལེནདྲ་མངའ་སྡེའི་རང་ག་པ་ཧར་དང་ཨ་སམ་མངའ་སྡེའི་ཏེཛ་པུར་གྲོང་ཁྱེར་གཉིས་ནང་རྟེན་གཞི་བྱས་ཡོད་པ་རེད་ སྡེ་ཁག་རེ་རེར་དམག་མི་གྲངས་༡༥༠༠༠ཡོད་པའི་དམག་མི་དེ་དག་དེང་སྐབས་རྒྱ་ནག་གིས་མངའ་ཁུངས་ཡིན་ལུགས་བརྗོད་པའི་ཨ་རུ་ནལ་ཅལ་པརྡིཤ་གྱི་ས་མཚམས་སུ་འགྲེམས་འཇོག་བྱེད་རྒྱུའི་འཆར་གཞི་དེས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་དམག་མིའི་གྲངས་འབོར་འཕར་མ་ཞིག་ཆགས་ཀྱི་ཡོད་པ་རེད་ ད་ཐེངས་རྒྱ་གར་གྱི་དྲག་པོའི་དཔུང་དམག་གིས་རི་མཐོའི་སྟེང་འཐབ་རྒོལ་བྱེད་ཐུབ་པའི་དམག་མི་འཕར་མ་བཀོད་སྒྲིག་གནང་བ་དེ་ནི་རྒྱ་ནག་ཕྱོགས་ནས་ཉེ་བའི་འཆར་ཡུལ་གཉིས་ཀྱི་ས་མཚམས་ཀི་ལོ་མི་ཀྲར་ ༤༠༥༧ཙམ་གྱི་རྒྱང་ཁད་ཡོད་སར་དྲག་པོའི་ནུས་སྟོབས་ཧ་ཅང་གི་ཤུགས་ཆེ་རུ་བཏང་བར་ཁ་གཏད་གཅོག་རྒྱུའི་ཆེད་ཡིན་པ་རེད་           དེ་བཞིན་རྒྱ་གར་གྱི་དྲག་པོའི་དཔུང་དམག་དེང་རབས་ཅན་དུ་འགྱུར་རྒྱུའི་འཆར་གཞིར་ཨ་རའི་གྲོ་ལར་འཐེར་འབུམ་༣ཙམ་མ་གནས་ཀྱི་གོ་མཚོན་མཁོ་སྒྲུབ་བྱེད་རྒྱུའི་ཁོངས་སུ་ཨ་མི་རི་ཀ་ནས་དངུལ་ཨ་རིའི་གྲོ་ལར་ས་ཡ་༦༤༧མ་གནས་མེ་སྒྱོགས་ཁག་ཅིག་སྤུས་གཟིགས་གནང་རྒྱུ་ཡིན་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎