ཚ་དྲོད་འཕེལ་བའི་རྐྱེན་གྱིས་འཁྱགས་རོམ་བཞུར་ཚད་སྐོར།

རྒྱ་གར་གྱི་ཁོར་ཡུག་བློན་ཆེན་གྱིས་ཚན་རིག་པ་ཚོས་ཤོད་བཞིན་པའི་འཁྱགས་རོམ་བཞུར་བའི་ཉེན་ཁ་དེ་ལྟ་བུ་མེད་པའི་དགག་ལན་སྤེལ་ཡོད་པ་རེད།

2009.11.10

༄༅༎རྒྱལ་སྤྱིའི་འཁོར་ཡུག་སྲུང་སྐྱོབ་བྱེད་མཁན་དང་ཚན་རིག་པ་ཚོས་དེང་སྐབས་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གི་ཚ་དྲོད་འཕེལ་བཞིན་པ་དེ་ཡིས་ཧི་མ་ལ་ཡའི་ཁུལ་གྱི་འཁྱགས་རོམ་རྣམས་རིམ་པས་བཞུར་འགྲོ་བའི་ཉེན་བརྡ་བཏང་གི་ཡོད་ཀྱང་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཁོར་ཡུག་བློན་ཆེན་གྱིས་ཚན་རིག་པ་ཚོས་ཤོད་བཞིན་པའི་འཁྱགས་རོམ་བཞུར་བའི་ཉེན་ཁ་དེ་ལྟ་བུ་མེད་པའི་དགག་ལན་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་འཁོར་ཡུག་བློན་ཆེན་ཇའེ་རམ་ར་མེཤ་ཡིས་གསུང་པར་ཚན་རིག་པ་ཚོར་རྒྱལ་སྤྱིའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བའི་རྐྱེན་གྱིས་འཁྱགས་རོམ་རྣམས་བཟུར་འགྲོ་གིན་ཡོད་པའི་ཐག་ཆོད་པོའི་དཔངས་རྟགས་གང་ཡང་བཏོན་རྒྱུ་མེད་པ་དང་ད་དུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ནང་ཚ་དྲོད་འཕེལ་བ་འགོག་ཐབས་ཀྱི་ཕྱག་ལས་གནང་མཁན་དེ་ནི་འཛམ་གླིང་ནང་དུ་གནམ་གཤིས་འགྱུར་ལྡོག་ཐོག་ལ་འགན་འཁུར་གཙོ་བོ་བཞེས་མཁན་ཞིག་ཡིན་པ་དེས་ཀྱང་ཧི་མ་ལ་ཡའི་འཁྱགས་རོམ་རྣམས་འཛམ་གླིང་གཞན་དག་ནང་དུ་ཡོད་པའི་འཁྱགས་རོམ་ལས་བཞུར་ཚད་མྱུང་པོ་ཡོད་ཚུལ་དང་དེ་ཡང་ཕྱི་ལོ་༢༠༣༥ནང་ཚུད་ལ་འཁྱགས་རོམ་རྣམས་ཤུལ་མེད་དུ་འགྱུར་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་ཀྱང་ངེས་པ་གཏན་པའི་དཔང་རྟགས་བཏོན་རྒྱུ་མེད་པའི་སྐོར་གསུང་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་ནུས་ཤུགས་དང་འཁོར་ཡུག་གི་འབྱུང་ཁུངས་འཁྱགས་རོམ་ཐོག་ལ་ཞིབ་འཇུག་གནང་མཁན་ཤེརེ་སིཐ་ཊ་ཡལ་གྱིས་རྒྱ་གར་གྱི་འཁོར་ཡུག་བློན་ཆེན་གྱིས་གསུངས་པའི་བཀའ་མོལ་དེར་དགག་ལན་གནང་སྟེ་འཁོར་ཡུག་བློན་ཆེན་གྱིས་རྒྱ་གར་གྱི་ཚན་རིག་པས་འཁྱགས་རོམ་ཐོག་ལ་གསར་དུ་ཞིབ་འཇུག་བྱས་པའི་སྙན་ཐོ་ལུང་འདྲེན་གནང་བ་དེར་ངོས་ལེན་མེད། སྙན་ཐོ་དེ་ནི་ཕྱོགས་རིས་ཐོག་ནས་བྲིས་པ་ཞིག་ཡིན་པར་བརྟེན་སྙན་ཐོའི་ནང་དོན་ཆ་ཚང་བ་ཞིག་མིན་ཞིང་རྒྱུ་མཚན་ནི་ཚ་དྲོད་ཀྱི་རྐྱེན་བྱས་ཏེ་འཁྱགས་པ་བཞུ་བ་ནི་ཆོས་ཉིད་ཅིག་ཡིན་པས་ཚན་རིག་པ་ཚོར་དེར་དཔང་རྟགས་དགོས་གལ་ཡོད་པ་རེད་དམ་ཞེས་ལན་འདེབས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎