རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སི་རི་ལང་ཀར་འཚམས་གཟིགས།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་གར་དང་སི་རི་ལང་ཀའི་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཏེ་རྒྱལ་དོན་འཚམས་གཟིགས་སུ་ཆེད་ཕེབས།

2010.11.25

༄༅༎རྒྱ་གར་གྱི་ཁྱིམ་མཚེས་གླིང་ཕྲན་ཡུལ་གྲུ་སི་རི་ལང་ཀའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་དུས་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་གར་དང་སི་རི་ལང་ཀའི་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཏེ་རྒྱལ་དོན་འཚམས་གཟིགས་སུ་ཆེད་ཕེབས་གནང་ཡོད་པ་རེད།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་མཆོག་དང་སི་རི་ལང་ཀའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་ཀྱིས་ སི་རི་ལང་ཀའི་ལྷོ་མཐའ་དང་བྱང་མཐའི་ས་གནས་གཉིས་སུ་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་རེ་འཛུགས་རྒྱུའི་བཀའ་མོལ་གྲུབ་རྗེས་གཟའ་ཉི་མའི་ཉིན་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག།

སི་རི་ལང་ཀའི་ལྷོ་ཕྱོགས་ཧམ་སྦན་ཀྲོ་ཀྲ་ཞེས་པའི་ས་གནས་སུ་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་གཟའ་པ་སངས་ཉིན་སྒོ་དབྱེ་གནང་རྒྱུ་ཡིན་འདུག་པ་དང་ ས་ཁུལ་དེའི་ནང་ཉིན་གྲངས་བརྒྱད་སྔོན་སི་རི་ལང་ཀའི་གཞུང་གིས་རྒྱ་ནག་གཞུང་ནས་ཨ་རིའི་ཌོ་ལར་ཐེར་འབུམ་གཅིག་དང་ས་ཡ་ལྔ་བརྒྱ་ཐམ་པའི་རོགས་རམ་ལ་བརྟེན་ནས་གྲུ་ཁའི་བབས་ཚུགས་གསར་པ་ཞིག་རྒྱབ་རྒྱུའི་འཆར་གཞི་འགོ་བཙུགས་བྱས་ཡོད་པ་རེད།

སི་རི་ལང་ཀའི་མཚོ་གླིང་གི་ཡུལ་གྲུ་དེའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་རྒྱ་གར་གྱིས་སེམས་ཚབས་བྱེད་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་ཅིང་ རྒྱ་ནག་གིས་སི་རི་ལང་ཀ་ཙམ་མིན་པར་སྦང་ལ་དེཤ་དང་ འབར་མ་ པ་ཀིསི་ཐན་དང་ བལ་ཡུལ་བཅས་ཀྱི་ནང་དངུལ་དངོས་ཀྱི་རོགས་རམ་ཤུགས་ཆེ་བྱེད་སྟེ་རྒྱ་ནག་རང་ཉིད་ཀྱི་ནུས་ཤུགས་རྒྱ་སྐྱེད་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎