ཨ་རུ་ཎ་ཅལ་མངའ་སྡེ་རྒྱ་གར་དང་ཁ་བྲལ་ཐབས་མེད་ལུགས།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་བྱང་ཕྱོཌ་མངའ་སྡེ་ཨ་རུ་ན་ཅལ་འདི་བཞིན་རྒྱ་གར་གྱི་ཁོངས་གཏོཌ་ཡིན་པ་སླར་ཡང་ནན་བརྗོད་གནང་ཡོད་པ།

2008.11.10

༄༅༎རྒྱ་དཀར་རྒྱ་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་སེལ་ཐབས་སུ་ད་བར་གྲོས་མོལ་རིམ་པ་གནང་ཡོད་ཀྱང་ད་བར་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་མ་ཟད་འདས་པའི་ལོ་འགའ་ཤས་ནས་བཟུང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ཅིག་གིས་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་སྐོར་གཏམ་བཤད་སྤེལ་ནས་ཡུལ་གཉིས་བར་འགལ་ཟླ་ཆེ་རུ་ཕྱིན་ཡོད་པ་དང་ལྷག་པར་དུ་ད་རེས་སླར་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པར་ན་མུ་ཁར་ཇི་མཆོག་རྟ་དབང་གི་དགོན་པ་ཞིག་གི་མཛད་སྒོའི་ཐོག་ཕེབས་པའི་སྐབས་ཨ་ཏུ་ན་ཅལ་མངའ་སྡེའི་མི་མང་ཚོས་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་འཐུས་མི་གཉིས་འོས་འདེམས་བྱེད་ཀྱི་ཡོད་རེད་ལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་མངའ་སྡེ་གཞན་མཚུངས་འོས་འདེམས་ཀྱིས་སོ་སོའི་ས་གནས་ཀྱི་ལས་འགན་བསྒྲུབས་ཀྱི་ཡོད་རེད་དེ་འདྲ་ཡིན་དུས་ཨ་རུ་ན་ཅལ་ཙམ་མ་ཡིན་པར་རྒྱ་གར་གྱི་མངའ་སྡེ་གཞན་ཚང་མ་རྒྱ་གར་ཁོངས་ནས་ཁ་བྲལ་ཐབས་མེད་པ་ཞིག་རེད་ཅེས་གསུངས་ནས་གང་ལྟར་ཨ་རུ་ན་ཅལ་མངའ་སྡེ་འདི་བཞིན་རྒྱ་གར་ཁོངས་གཏོགས་ཡིན་པ་བསྐྱར་དུ་ནན་བརྗོད་གནང་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎