བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ།

བལ་ཡུལ་ནང་རྒྱ་གར་དང་རྒྱ་ནག་གི་ཤུགས་རྐྱེན་དེ་ཆེ་རུ་འགྲོ་བཞིན་པ་དང་ཉེ་བའི་འཆར་རྒྱ་ནག་གི་ཤུགས་རྐྱེན་དེ་དེ་བས་ཆེ་རུ་འགྲོ་བཞིན་པ།

2010.02.18

༄༅༎བལ་ཡུལ་ནང་རྒྱ་གར་དང་རྒྱ་ནག་གི་ཤུགས་རྐྱེན་དེ་ཆེ་རུ་འགྲོ་བཞིན་པ་དང་ལྷག་པར་དུ་ཉེ་བའི་འཆར་རྒྱ་ནག་གི་ཤུགས་རྐྱེན་དེ་དེ་བས་ཆེ་རུ་འགྲོ་བཞིན་ཡོད་པ་རེད་

རྒྱ་ནག་གིས་བལ་ཡུལ་ནང་ཤུགས་རྐྱེན་དེ་ཆེ་རུ་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བོད་ཀྱི་གནད་དོན་དེ་ཆགས་ཀྱི་ཡོད་པ་རེད་ བདུན་སྔོན་མ་དེར་བལ་ཡུལ་གྱི་ནང་སྲིད་བློན་ཆེན་བིམ་ར་ལྦལ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་ཡུལ་གཉིས་བར་ས་མཚམས་ཀྱི་སྲུང་སྐྱོབ་ཐོག་དམ་བསྒྲགས་ཆེ་རུ་གཏོང་རྒྱུ་དང་ཁོང་གིས་བལ་ཡུལ་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པ་རེད་ བལ་ཡུལ་གྱི་ནང་སྲིད་བློན་ཆེན་དང་རྒྱ་ནག་བར་གྱི་གྲོས་མོལ་གྱི་ཞིབ་ཆའི་གནས་ཚུལ་ཐོན་མེད་ཀྱང་ཕྱོགས་གཉིས་ཀྱིས་བོད་དང་བལ་ཡུལ་བར་གྱི་ས་མཚམས་ཀྱི་སྲུང་སྐྱོབ་ཐོག་རྒྱ་ནག་གི་བལ་པོའི་སྲུང་སྐྱོབ་མི་སྣའི་འགྲོ་གྲོན་དང་གོ་མཚོན་སོགས་ཀྱི་ཐོག་རོགས་རམ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ རྒྱ་ནག་གིས་བལ་ཡུལ་གྱི་བོད་མིའི་ཐོག་དོ་སྣང་དེ་ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་ནང་རྒྱ་ནག་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་བྱུང་སྐབས་བལ་ཡུལ་ནང་ཡང་དེར་ལྟར་གྱི་ངོ་རྒོལ་གྱི་ལས་འགུལ་རྒྱུན་མི་ཆད་པ་ཞིག་བྱུང་རྗེས་བལ་ཡུལ་གྱི་བོད་མིའི་ལས་འགུལ་ཐོག་དོ་སྣང་གསར་པ་ཞིག་བྱུང་ཡོད་པ་རེད་

ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་དག་ཐོག་དྲག་གནོན་བྱེད་པ་དེར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་རྒྱུར་བཀའ་འགོག་བྱེད་ཐུབ་པ་བྱུང་ཡོད་ནའང་བལ་ཡུལ་ནང་གི་བོད་མིའི་ངོ་རྒོལ་གྱི་ལས་འགུལ་དེ་དག་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་མ་ཐུབ་པ་བཟོ་ཐུབ་མེད་པ་རེད་ རྒྱ་ནག་གིས་བོད་མི་བཙན་བྱོལ་བ་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཕེབས་མཁན་ཐོག་དམ་བསྒྲགས་བྱས་པའི་རྐྱེན་གྱིས་ཕྱི་ལོ་༢༠༠༨ལོ་ནས་དེ་སྔོན་བོད་མི་༢༥༠༠ནས་༣༠༠༠བར་བྲོས་བྱོལ་དུ་ཕེབས་མཁན་ཡོད་པའི་ཁུངས་ནས་དཆ་བོད་མི་༦༠༠ཙམ་ལས་བྲོས་བྱོལ་དུ་ཕེབས་ཐུབ་ཀྱི་མེད་པ་རེད་ གང་ལྟར་རྒྱ་གཞུང་གིས་བལ་ཡུལ་གྱི་ནང་སྲིད་ཐོག་ཤུགས་རྐྱེན་ཆེ་རུ་བཏང་བའི་རྐྱེན་གྱིས་ཁྱིམ་མཚེས་རྒྱ་གར་ངོས་ནས་ཀྱང་དེའི་ཐོག་ལན་འདེབས་ཅིག་མི་བྱེད་ཀ་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎