གཞུང་ལ་བོད་དོན་ནན་བསྐུལ་གནང་།
2013.03.05

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེམཆོག་ཁེ་ཎ་ཌའི་རྒྱལ་སར་ཕེབས་པའི་སྐབས་ཁོང་གིས་ཁེ་ཎ་ཌའི་ཆབ་སྲིད་ཚོགས་པ་ཁག་གཉིས་ཀ་ལས་གྲུབ་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཉན་ཞིབ་ཐོག་འབོད་བསྐུལ་གནང་བ་ལྟར། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་ Irwin Cotler ཞུ་བ་ཞིག་གིས་ཁེ་ཎ་ཌའི་གཞུང་ལ་མུ་མཐུད་ནས་ནན་བསྐུལ་གནང་འདུག དེ་ཡང་ཁོང་གིས་ང་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་རྒྱབ་སྐྱོར་གྱི་ཐོག་ནས་འབོད་སྒྲ་བསྒྲོག་རྒྱུ་ཡིན་དང་། ཁེ་ཎ་ཌའི་གཞུང་གིས་མུ་མཐུད་ནས་གནོན་ཤུགས་སྤྲོད་དགོས་པའི་སྐོར་གསུངས་འདུག Irwin Cotler ལགས་ནི་ཁེ་ཎ་ཌའི་ Mount Royal ས་གནས་ཀྱི་སྐུ་ཚབ་འཐུས་མི་ཞིག་ཡིན་པ་དང་། ཁོང་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་ཞིག་ཡིན་པ་རེད། ཕྱི་ཟླ་༢ཚེས་ ༢༦ཉིན་ཚོགས་ཆུང་དེའི་ཚོགས་མི་རྣམས་ཀྱིས་དྲི་བའི་བཀའ་ལན་དུ་སྲིད་སྐྱོང་མཆོག་གིས། བོད་ནང་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ངོ་རྒོལ་གནང་ནས་རྒྱ་ནག་གི་བཙོན་ཁང་འོག་ཏུ་མནར་གཅོད་འོག་སྡུག་བསྔལ་མྱོང་པ་ལས་སོ་སོའི་སྐུ་ལུས་མེར་སྲེག་གི་ཐོག་ནས་ངོ་རྒོལ་ནང་རང་སྲོག་བཅད་པ་ཡིན་ན། རྒྱུན་རིང་བཙོན་འཇུག་མནར་གཅོད་ལས་ཐབས་ཤེས་བཟང་བ་ངོས་འཛིན་གནང་ནས་སྐུ་ལུས་མེར་སྲེག་གཏོང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།།