རྩོད་གཞི་ཡོད་པའི་གླིང་ཕྲན།
2013.09.14

༄༅༎དེ་རིང་གཟའ་སྤེན་པའི་ཉིན་རྒྱ་ནག་གི་མཚོ་ཐོག་སྲུང་སྐྱོབ་དམག་གྲུ་བཞི་རྒྱ་ནག་དང་ཉི་ཧོང་དབར་བདག་དབང་ཐོག་རྩོད་གླེང་ཡོད་པའི་གླིང་ཕྲན་གྱི་མཚོ་ཁུལ་དུ་འཛུལ་ཡོད་པའི་སྐོར་ཉི་ཧོང་གི་མཚོ་ཐོག་སྲུང་སྐྱོབ་དམག་དཔུང་གིས་འགྲེལ་བརྗོད་བྱས་འདུག རྒྱ་ནག་གི་མཚོ་ཐོག་སྲུང་སྐྱོབ་དམག་གྲུ་བཞི་པོ་དེ་དག་གིས་ཉི་ཧོང་ཕྱོགས་སུ་གསལ་བཤད་སོགས་གང་ཡང་མ་བྱས་པའི་ཐོག་ནས་ཡུལ་གྲུ་གཉིས་དབར་བདག་དབང་ཐོག་རྩོད་གླེང་ཡོད་པའི་ཉི་ཧོང་གིས་བཏང་འཛིན་བྱེད་བཞིན་པའི་སེན་ཀ་ཀུ་འམ་ཏེག་ཡུལ་གླིང་ཕྲན་གྱི་མཚོ་ཁུལ་དུ་འཛུལ་ཡོད་པ་དང་། རྒྱ་ནག་གི་སྲུང་སྐྱོབ་གྲུ་གཟིངས་དེ་དག་གིས་དེའི་ཁུལ་དུ་དུས་ཡུན་ཚོུད་བཞི་ཙམ་བསྡད་ཡོད་པའི་སྐོར། ཉི་ཧོང་གི་མཚོ་ཐོག་སྲུང་སྐྱོབ་དམག་དཔུང་གིས་འགྲེལ་བརྗོད་བྱས་འདུག ད་རེས་རྒྱ་ནག་གི་མཚོ་ཐོག་སྲུང་སྐྱོབ་དམག་གྲུ་ཡུལ་གྲུ་གཉིས་དབར་བདག་དབང་ཐོག་རྩོད་གླེང་ཡོད་པའི་ཉི་ཧོང་གི་སྟངས་འཛིན་འོག་གནས་པའི་མཚོ་ཁུལ་དུ་འཛུལ་བའི་དུས་ཚོད་དེ་དང་ཉི་ཧོང་གི་རྒྱལ་དོན་དུས་ཆེན་གྱི་དུས་ཚོད་འཁྱེལ་གྱི་ཡོད་པར་བརྟེན། དེ་ནི་རྒྱ་ནག་གཞུང་གིས་ཉི་ཧོང་གིས་ཕྱོགས་སུ་གླིང་ཕྲན་མཚོ་ཁུལ་གྱི་བདག་དབང་རྒྱ་ནག་རང་ཕྱོགས་སུ་ཡོད་ལུགས་ཀྱི་འཇིགས་སྐུལ་བྱས་པ་ཞིག་ཡིན་པར་ཉི་ཧོང་ཕྱོགས་ནས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་དང་ཉི་ཧོང་དབར་བདག་དབང་ཐོག་རྩོད་གླེང་ཡོད་པའི་ཉི་ཧོང་གིས་སེན་ཀ་ཀུ་དང་ རྒྱ་ནག་གི་ཏེག་ཡུལ་ཞེས་པའི་གླིང་ཕྲན་གྱི་མཚོ་ཁུལ་དེར་ཉི་ཧོང་གིས་༡༨༩༥ནས་སྟངས་འཛིན་བྱེད་བཞིན་ཡིན་པ་དང་། ཡིན་ན་ཡང་༡༩༦༠རེ་གྲངས་སུ་གླིང་ཕྲན་དེའི་མཚོ་ཁུལ་དུ་རང་འབྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པའི་གནས་ཚུལ་ཤེས་པའི་རྗེས། རྒྱ་ནག་གཞུང་གིས་གླིང་ཕྲན་མཚོ་ཁུལ་ལ་བདག་དབང་ཡོད་ལུགས་རྩོད་གླེང་བྱེད་ཀྱི་ཡོད་པ་ཉི་ཧོང་ཕྱོགས་གི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་གླིང་ཕྲན་དེའི་མཚོ་ཁུལ་དེ་བཞིན་ལོ་ངོ་བཞི་བརྒྱ་ལྷག་གི་གོང་ནས། རྒྱ་ནག་ལ་བདག་དབང་ཡོད་ལུགས་བཤད་ནས་ཉི་ཧོང་གིས་དམག་ཆེན་གཉིས་པའི་སྐབས་ གླིང་ཕྲན་མཚོ་གླིང་བཙན་ཤེད་ཀྱིས་དབང་འཛིན་བྱེད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད༎