ཉི་ཧོང་གིས་སྲུང་སྐྱོབ་སྲིད་ཇུས་གསར་པ་ཕྱིར་བསྒྲགས།

ཉི་ཧོང་གི་སྲུང་སྐྱོབ་སྲིད་བྱུས་གསར་པའི་ནང་སྲུང་སྐྱོབ་ལས་དོན་དེ་བཞིན་རྒྱ་ནག་ཐོག་ཤུགས་སྣོན་རྒྱབ་རྒྱུའི་སྲིད་བྱུས་གཏན་འབེབས་བྱས་འདུག

2010.12.17

༄༅༎ཉི་ཧོང་ཡུལ་གྱི་སྲུང་སྐྱོབ་སྲིད་བྱུས་གསར་པ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་ཉི་ཧོང་གི་སྲུང་སྐྱོབ་ལས་དོན་དེ་བཞིན་དེའི་སྔོན་ཉི་ཧོང་གི་ཤར་ཕྱོགས་སུ་ཤུགས་སྣོན་གྱིས་ར་ཤི་ཡར་དོགས་ཟོན་བྱེད་ཀྱི་ཡོད་པ་ནས་ ད་ཆ་ཉི་ཧོང་གི་སྲུང་སྐྱོབ་ལས་དོན་དེ་བཞིན་རྒྱ་ནག་ཐོག་ཤུགས་སྣོན་རྒྱབ་རྒྱུའི་སྲིད་བྱུས་གཏན་འབེབས་བྱས་ཡོད་པ་རེད་   

དེ་རིང་གཟའ་པ་སངས་ཉིན་ཕྱིར་བསྒྲགས་བྱས་པའི་ཉི་ཧོང་གི་སྲུང་སྐྱོབ་སྲིད་བྱུས་གསར་པ་དེར་ཉི་ཧོང་བློན་ཆེན་ལས་ཁང་གིས་ཆོག་མཆན་ཐོབ་པའི་རྗེས་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་ཞིང་ དེའི་ནང་ཉི་ཧོང་གིས་ཨ་རི་དང་མཐུན་ཕྱོགས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོར་རྒྱུ་མ་ཟད་  མངའ་ཁུལ་གྱི་མཐུན་ཕྱོགས་ཡུལ་གྲུ་ལྷོ་ཀུ་རི་ཡ་དང་ཨོ་སི་ཁྲོ་རི་ཡ་སོགས་དབར་བདེ་འཇགས་ཀྱི་ཁྱབ་ཁོངས་སྲ་བརྟན་གཏོང་རྒྱུའི་སྲིད་བྱུས་འཁོད་ཡོད་པ་དང་ སྲིད་བྱུས་དེའི་ནང་རྒྱ་ནག་གཞུང་གིས་ཉེ་བའི་ཆར་དམག་དོན་ཐོག་འགྲོ་གྲོན་ཤུགས་ཆེ་བཏང་ནས་ཉེ་བའི་མཚོ་རྒྱུད་ཁག་ནང་ལས་དོན་སྤེལ་ཡས་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་འོག་རྒྱ་ནག་དེ་བཞིན་ར་ཤི་ཡ་ལས་ཉེན་ཚབས་ཆེ་བར་སྐྱོད་བཞིན་པ་དང་     ཉི་ཧོང་གི་སྲུང་སྐྱོབས་ལས་དོན་གྱི་སྟོབས་ཤུགས་དེང་སྐབས་ཉི་ཧོང་དང་རྒྱ་ནག་དབར་དབག་དབང་ཐོག་རྩོད་གླེང་ཡོད་པའི་གླིང་ཕྲན་བརྒྱུད་དུ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་སོགས་བཀོད་ཡོད་པ་རེད་

ཉི་ཧོང་གཞུང་གིས་སྲུང་སྐྱོབ་ཀྱི་སྲིད་བྱུས་གསར་པ་གཏན་འེབབས་གནང་དགོས་ཡས་དེ་ཡང་གཙོ་བོ་དེང་སྐབས་མངའ་ཁུལ་དེའི་རྒྱུད་རྒྱ་ནག་གིས་དམག་དོན་གྱི་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་པའི་ཐོག་བྱང་ཀུ་རི་ཡས་རྡུལ་ཕྲན་མགོ་མཚོན་བཟོ་སྐྲུན་ལས་འཆར་སྤེལ་ཡས་སོགས་ཀྱིས་ཉི་ཧོང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཚབས་ཡོད་པར་བརྟེན་ནས་སྲུང་སྐྱོབ་ཀྱི་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས་གཏན་འབེབས་བྱས་པ་ཞིག་ཡིན་པའི་སྐོར་ཉི་ཧོང་གི་འབྲེལ་ཡོད་དཔོན་རིགས་ནས་འགྲེལ་བརྗོད་གནང་ཡོད་པ་རེད་ ཉི་ཧོང་གཞུང་གིས་སྲུང་སྐྱོབ་སྲིད་བྱུས་གསར་དུ་གཏན་འབེབས་བྱས་པའི་ཐོག་རྒྱ་ནག་གཞུང་གིས་ཕྲལ་དུ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པ་དང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཅང་དབྱུས་ཀྱིས་ཉི་ཧོང་གཞུང་གིས་སྲུང་སྐྱོབ་ཀྱི་སྲིད་བྱུས་གསར་པ་གཏན་འབེབས་བྱེད་ཡས་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ལེན་མ་བྱས་པའི་རྣམ་པ་ཞིག་ཡིན་ལུགས་དང་ ད་དུང་རྒྱ་ནག་གིས་དམག་དོན་སྟོབས་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི་འཛམ་གླིང་དང་ལྷག་པར་དུ་ཨེ་ཤི་ཡའི་མངའ་ཁུལ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་པ་ལས་གཞན་ལ་ཉེན་ཚབས་བཟོ་རྒྱུའི་ཆེད་དུ་མིན་ལུགས་གསལ་བཤད་བྱས་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎